ཞི་ཅིན་ཕིང་གི་གཟིགས་ཞིབ་ལས་མངོན་པའི་དོན་སྙིང་དྲུག

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-15


       སྤྱི་ཟླ་12པའི་ཚེས་12ཉིན། ཞི་ཅིན་ཕིང་གིས་ཅང་སུའུ་རུ་རྟོག་ཞིབ་མཛད། འདི་ནི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་ཚོགས་པའི་རྗེས་སུ་ཞི་ཅིན་ཕིང་གིས་ཆེས་ཐོག་མར་གཟིགས་ཞིབ་གནང་བ་རེད། ལྗིད་འདེགས་འཕྲུལ་ཆས་ཀྱི་འཁོར་བསྒྱུར་ཁང་ལ་གཟིགས་ཞིབ་དང་ལག་བཟོའི་ཐོན་རྫས་ཉོས་པ། གཞི་རིམ་ཏང་ཡོན་དང་བརྩེ་བའི་གླེང་མོལ་བྱེད་པ་སོགས་ཀྱི་ཁྲོད་ཞིབ་ཆའི་དོན་སྙིང་ག་འདྲ་ཡོད་དམ། ཞིན་ཧྭ་གསར་འགྱུར་དྲ་བའི་《སློབ་སྦྱོང་བྱེད་བཞིན་པ།》ཞེས་པའི་མིང་དུ་གྲགས་པའི་གསར་རྩོམ་ལེ་ཚན་ཏེ་“ཁྲིད་སྦྱོང་བྱེད་གནས”ཀྱིས་སྐུ་ཉིད་ལ་ཞིབ་ཆའི་དོན་སྙིང་དག་ལེགས་པོར་བསྒྲིགས་པ་ཡིན། 
དོན་སྙིང་དང་པོ། ཆེད་ལས་སྒྲིག་ཆས་ལ་གཟིགས་ཞིབ་མཛད་པ་ལས་དངོས་གཞིའི་དཔལ་འབྱོར་གྱི་འཕེལ་རྒྱས་ལ་ཤུགས་སྣོན་གནང་བ་མཚོན།
དོན་སྙིང་གཉིས་པ། ལྗིད་འདེགས་འཕྲུལ་ཆས་ཀྱི་འཁོར་བསྒྱུར་ཁང་ལ་ཕེབས་པ་ལས་ཁེ་ལས་གསར་གཏོད་ལ་སྐུལ་མ་གནང་བ་མཚོན།
དོན་སྙིང་གསུམ་པ། སོལ་འདོན་ངོས་རྡིབ་ལེགས་བཅོས་ལས་གྲྭར་གཟིགས་ཞིབ་གནང་བ་ལས་བསྒྱུར་བཀོད་ལག་ལེན་ལ་གཟེངས་བསྟོད་གནང་བ་མཚོན། 
དོན་སྙིང་བཞི་པ། སྒོར་སུམ་ཅུས་ཁྱད་ཆོད་ལྡན་པའི་ཐོན་རྫས་ཉོས་པ་ལས་ཞིང་པའི་ལག་ཤེས་བཟོ་ལས་ལ་བསྟོད་བསྔགས་གནང་བ་མཚོན། 
དོན་སྙིང་ལྔ་པ། གཞི་རིམ་ཏང་ཡོན་དང་གླེང་མོལ་མཛད་པ་ལས་སྡེ་པའི་ཨུ་ལྷན་གཉིས་ཀྱི་ཚན་ཁག་འཛུགས་སྐྲུན་ལ་འབོད་སྐུལ་གནང་བ་མཚོན། 
དོན་སྙིང་དྲུག་པ། མགྱོགས་གཏམ་འཁྲབ་སྟོན་གཟིགས་པ་ལས་ཞིང་པའི་བསམ་བློའི་རྣམ་པར་ཤུགས་སྣོན་གནང་བ་མཚོན། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1