ཞིང་ཆེན་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་གཟེངས་བསྟོད་ཚོགས་ཆེན་ཁྲེང་ཏུའུ་རུ་འཚོགས།

མཁའ་འགྲོ་མཚོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-18


        ཚེས་15ཉིན། ཞིང་ཆེན་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་གཟེངས་བསྟོད་ཚོགས་ཆེན་དེ་ཁྲེང་ཏུའུ་རུ་འཚོགས། ཚོགས་འདུའི་སྐབས་དང་པོའི་ཞིང་ཆེན་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་སྔོན་ཐོན་གྱི་འཐུས་ཚབ་པར་བྱ་དགའ་སྤྲད། ཚོགས་འདུ་མ་འཚོགས་པའི་སྔོན་དུ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་ཁྲིད་སྟོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཏུང་མིང་གིས་གོམ་གང་མདུན་སྤོས་ཀྱི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་བྱ་བའི་ཐད་དུ་མཛུབ་སྟོན་དང་བླང་བྱ་བཏོན། 
        ཝང་ཏུང་མིང་གིས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་དོན་དངོས་ཐོག་འགན་འཁྲི་གཙོ་བོ་ཁུར་བ་དང་། བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་རྣམ་གྲངས་སོ་སོའི་བྱ་བ་ཁག་གཅིག་གྱུར་གྱིས་དམ་འཛིན་བྱས་ཏེ། ཐུན་མོང་གི་ངོས་འཛིན་གཅིག་གྱུར་ཡོང་བ་དང་། སེམས་ཤུགས་གཅིག་ཏུ་བསྡུ་བ། རིག་ནུས་གཅིག་དུ་བསྡུ་བ། སྟོབས་ཤུགས་གཅིག་དུ་བསྡུ་བ་བཅས་བྱས་ཏེ། ཀྲུང་གོའི་ཕུགས་འདུན་གྱི་སི་ཁྲོན་གྱི་ལེའུ་དང་མཛེས་སྡུག་འབྱོར་ཕྱུག་ལྡན་པའི་འཆམ་མཐུན་སི་ཁྲོན་འཛུགས་སྐྲུན་བྱེད་པར་སྔར་ལས་ལྷག་པའི་བྱས་རྗེས་འཇོག་པར་འབད་པ་བྱ་དགོས་ཞེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1