ཞིང་བ་མང་ཚོགས་ཡུལ་སྐོར་དུ་བསྐྱོད་པར་སྟབས་བདེ་བཟོས།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-25


        ཉེ་བའི་ལོ་འགའི་རིང་དུ། དམངས་ཕན་སྲིད་ཇུས་སྣ་ཚོགས་ལས་ཟུང་ཆུ་རྫོང་དུ་སྡོད་པའི་མང་ཚོགས་མང་པོ་ཞིག་གིས་རང་ཉིད་ཀྱི་ངལ་རྩོལ་ལ་བརྟེན་ནས་སྒོར་མོ་བཙལ་ཐུབ། ཕྱི་རོལ་དུ་ཡུལ་སྐོར་བྱེད་རྒྱུ་དེ་ཁོང་ཚོ་རི་ཁུལ་ནས་ཕྱིར་བུད་དེ་མཐོང་རྒྱ་ཆེ་རུ་གཏོང་བའི་རེ་འདུན་དུ་གྱུར་འདུག ད་ལོར། ཁྲིན་ཏུའུ་ཡིས་ཡུལ་སྐོར་ལས་དོན་ཁང་ཞིག་ཟུང་ཆུ་རྫོང་དུ་བསྡད་ནས། ཡུལ་དེའི་མང་ཚོགས་སྒོ་ཁ་ནས་ཡུལ་སྐོར་ཚོགས་པའི་ནང་དུ་ཞུགས་ཐུབ་པར་སྟབས་བདེ་བསྐྲུན་ཡོད།  
        ཉིན་འདི་དག་གི་རིང་ལ། ཟུང་ཆུ་རྫོང་དུ་སྡོད་པའི་ཁྲིན་ཏུའུ་གསར་འགྱུར་ཡུལ་སྐོར་ལས་དོན་ཁང་གི་ཚོང་ལས་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་དུ་འགྲོ་བཞིན་ཡོད། ཡུལ་སྐོར་ཐད་ཀྱི་གནས་ཚུལ་འདྲི་མཁན་ཡང་མང་པོ་ཐོན་ཡོད་པ་རེད། 
        ལོ་རེའི་དགུན་དུས་ཀྱི་ཁོམ་སྐབས་ནི་ཕྱི་རོལ་ལ་ཡུལ་སྐོར་དུ་འགྲོ་དུས་ཀྱི་དུས་བཟང་ཡིན། ཡུལ་དེའི་རོང་འབྲོག་མང་ཚོགས་ཀྱི་གྲོགས་པོ་འགའ་དང་མཉམ་དུ་ཡུལ་སྐོར་དུ་འགྲོ་བར་སྔར་མེད་ཀྱི་དགའ་སྤྲོ་སྐྱེས་ནས་འདུག 
        རྒྱུས་ལོན་པར་ལྟར་ན། ཡུལ་སྐོར་ལས་དོན་ཁང་འདིས་ཞིན་མྰ་ཐེ་དང་། ཡྰ་ཀྲོང་། ཐེ་པེ། རྒྱལ་ནང་གི་ཀྲུང་གོའི་ཤར་ཕྱོགས་ཀྱི་གྲོང་ཁྱེར་ལྔ། ཐེ་ཝན། སན་ཡྰ། བོད་ལྗོངས་སོགས་ཀྱི་ཡུལ་སྐོར་ལམ་ཐིགས་འདོན་སྤྲོད་བྱས་ཡོད། ཚོགས་པའི་ནང་དུ་ཞུགས་རྗེས། ཡུལ་སྐོར་བ་ཁྲིན་ཏུའུ་རུ་སོང་ནས་ཐད་གར་ཡུལ་སྐོར་དམིགས་འབེན་ས་ཁུལ་དུ་སོང་ན་ཆོག་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1