༄༅།། ལྒ་སྐྱའི་ཇས་ཕོ་དྲོད་སྐྱེས་པར་ནུས་པ་ཐོན་གྱི་ཡོད།

རྩོམ་སྒྲིག་པ།ཡོང་ཁུངས། བོད་ལྗོངས་ཉིན་ཚགས། སྤེལ་དུས། 12-28


        གནམ་གཤིས་ཉིན་བཞིན་གྲང་དུ་འགྲོ་བ་དང་བསྟུན་ནས་ཕོ་བའི་ན་ཚ་ཕོག་མཁན་ཡང་མང་དུ་འགྲོ་གི་ཡོད། ལྷག་པར་དུ་ཕོ་དྲོད་ཉམས་པའི་ནད་པར་ཕོ་བའི་ནད་ཕོག་ཚད་ཆེན་པོ་ཡོད། དེའི་སྐབས་ཚ་བའི་རང་བཞིན་གྱི་ཟས་རིགས་ལ་བརྟེན་ནས་ཕོ་བར་དྲོད་ཁུག་ཐབས་བྱས་ན་ཕོ་བའི་ནད་གཞི་ལྷོད་དུ་གཏོང་ཐུབ་ཀྱི་ཡོད། དཔེར་ན་ལྒ་སྐྱ་སྦངས་པའི་ཇ་བཏུང་ན་འཚམ་པོ་ཡོད། དེའང་ཇ་པ་ཏི་དང་ཅུང་སྨིན་པའི་ལྒ་སྐྱ་མཉམ་དུ་ཆུའི་ནང་བསྐོལ་ཏེ་དྲོད་ཅུང་ཆག་རྗེས་སྦྲང་རྩི་ཏོག་ཙམ་བླུགས་ནས་བཏུང་ན་ཕོ་དྲོད་སྐྱེས་ཐུབ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1