༄༅།། དགུན་དུས་ལུས་པོ་བཀྲུས་ན་གཟབ་དགོས།

རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། 01-04


        ལོ་གཅིག་དུས་བཞི་ཚང་མར་གཟུགས་པོ་ཡང་སེ་འཁྲུ་དགོས་ཀྱང་།  དགུན་དུས་སུ་གཟུགས་པོ་མང་པོ་འཁྲུ་རྒྱུ་མེད།  དགུན་དུས་གཟུགས་པོ་མང་པོ་བཀྲུས་ན། པགས་པ་སྐམ་ཤས་ཆེ་རུ་འགྲོ་བ་དང་ཟ་འཕྲུག་ལང་སྲིད།  རྒྱུ་མཚན་ནི་དགུན་དུས་མིའི་ལུས་པོའི་པགས་འོག་གི་རྔུལ་གཤེར་དང་པགས་ཚིལ་རྩ་རྨེན་ཟགས་ཐོན་མངོན་གསལ་གྱིས་ཉུང་དུ་འགྲོ་བས་པགས་པ་སྐམ་ཤས་ཆེ་རུ་དང་ལྤགས་སྐྱི་བུད་པ།  ཐ་ན་པགས་ངོས་གས་འགྲོ་བ་བཅས་ཡོང་སྲིད།  ལྷག་པར་དུ་ལུས་སྨད་ལ་སྣང་ཚུལ་དེ་རིགས་ཐོན་མང་ཞིང་།  མི་མང་པོ་ཞིག་གིས་དགུན་དུས་དབྱར་དུས་དང་འདྲ་བར་གཟུགས་པོར་དྲི་ཞིམ་དག་རྫས་བྱུགས་ནས་གཟུགས་པོ་འཁྲུ་གི་ཡོད། དེ་ལྟར་བྱས་ན་པགས་པའི་ངོས་ཀྱི་སྦྲུམ་ཚིལ་གཙང་མར་དག་སྟེ་པགས་པ་དེ་བས་སྐམ་ཤས་ཆེ་རུ་འགྲོ་གི་ཡོད།  དེར་བརྟེན་དགུན་དུས་དབྱར་ཁ་དང་འདྲ་བར་གཟུགས་པོ་འཁྲུ་རྒྱུ་མེད་པ་དང་ཆུའི་ནང་གཟུགས་པོ་དུས་ཡུན་རིང་པོ་སྦོང་རྒྱུ་མེད་ལ། གཟུགས་པོ་འཁྲུ་སྐབས་དྲི་ཞིམ་དག་རྫས་བྱུགས་ནས་ཤུགས་ཀྱིས་མི་འཕུར་བར་ལམ་སེང་ཆུ་གཤལ་གཏང་དགོས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1