གཙོ་ངོས།>> འཕྲོད་བསྟེན།>>བོད་ཀྱི་གསོ་རིག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༡ཚེས་༡༠ཉིན།

༄༅།། མཆིན་མཁྲིས་ཚན་ཁག་ཏུ་ལག་ལེན་བྱེད་བཞིན་པའི་སྦྱོང་ངོ་སྤྲོད་རགས་བསྡུས།

        དེ་ཡང་རང་རེའི་མཁས་མཛངས་ལྡན་པའི་སྔོན་བྱོན་མེས་པོ་དག་གི་ཐབས་ཤེས་ཀྱི་ཉིང་བཅུད་གཅིག་ཏུ་བསྡུས་པའི་གཞུང་ཆེན་པོ་དཔལ་ལྡན་རྒྱུད་བཞི་ནི་ཚིག་ཉུང་ལ་དོན་ཕུན་སུམ་ཚོགས་ཤིང་མི་རིགས་རང་གི་ཡུལ་དུས་དབང་སྒོ་དང་འཚམ་པའི་ཁྱད་ཆོས་མང་པོ་ལྡན། སྒོས་སུ་སྐབས་བབ་ཀྱི་གླེང་བྱར་གྱུར་པའི་སྦྱོང་ཞེས་པ་ནི་ནད་རིགས་མི་འདྲ་བ་སོ་སོའི་ཞུགས་སའི་གནས་དང་མཚན་ཉིད་མི་འདྲ་བར་གཞིགས་ནས་དེར་གཉེན་པོ་སྨན་སྦྱོར་དང་ལག་ལེན་གྱི་བྱ་ཐབས་གང་ལ་གང་འཚམ་པར་བསྟེན་ནས་ནད་དང་ནད་རོ་བཅས་པ་རྣམས་ལུས་ཀྱི་ཕྱིར་སྦྱང་ཞིང་དག་པར་བྱེད་པའི་གསོ་ཐབས་ཀྱི་མ་ལག་ཆ་ཚང་བ་ཞིག་ཡིན། འདིར་ཁྲག་མཁྲིས་སོགས་རྒྱུ་ལོང་ལྟ་བུར་གནས་པའི་ནད་ཐུར་དུ་དྲངས་པ་ལྟོ་སྦྱོང་ངམ་བཤལ་དང་གཞན་སྦྱོང་བྱེད་ཀུན་གྱི་ལོག་གནོན་ནད་ཐམས་ཅད་རྩ་ལ་བྱེར་ཏེ་ཁོང་དུ་མ་འདུས་པ་རྣམས་རྩ་སྒོ་ཕྱི་དང་ནང་ནས་སྦྱང་ལ་དབྱུང་བ་རྩ་སྦྱོང་།དེ་ལས་གཞན་རྩ་ལྟོ་སྦྲགས་མའི་སྦྱོང་སོགས་བྱེ་བྲག་གི་དབྱེ་བ་མང་ཡང་འདིར་མི་མང་གི་བློ་ངོར་འཇུག་བདེ་ཕྱིར་རགས་མོར་བྱས་ནས་བྲིས་པ་ཡིན།
        དེ་ཡང་མཁྲིས་པ་བཤལ་ལས་མི་བདའ་ཞེས་པ་ནང་བཞིན་ཚ་བ་ཁྲག་མཁྲིས་ལས་གྱུར་པའི་ནད་རྣམས་ལ་ངེད་ཕྱོགས་ནས་སྦྱོང་བཏང་ནས་གསོ་བཅོས་བྱེད་བཞིན་ཡོད་ཅིང་ད་ལྟའི་བར་གཙོ་བོ་མཆིན་ནད་ལྡེམ་བུ་དང་མཆིན་ནད་དུག་ཐབས།མཁྲིས་པ་ཤ་སེར་མིག་སེར།མཁྲིས་པའི་སྐྲན་ནད་སོགས་ལ་གནམ་ལྕགས་ཟིལ་བཤལ་གྱིས་སྦྱོང་བཏང་བར་བསྐྱེད་ཆེན་པོ་བྱུང་ཡོད།དེ་བས་ང་ཚོས་མུ་མཐུད་དུ་ཉམས་དམས་སུ་འགྲོ་བཞིན་པའི་ལག་ལེན་དེ་རང་ངོས་ནས་ཤུགས་བརྒྱབ་ནས་སླར་གསོ་བྱེད་སྒང་ཡིན་ལ་འགྲོ་བ་ནད་པའི་ཕྱོགས་ནས་ཀྱང་འདིར་གྲོན་ཆུང་ལ་ནད་ལ་བསྐྱེད་ཆེ་ཞིང་རྗེས་ལེགས་པ་སོགས་ཡོན་ཏན་མང་པོ་ཡོད།།

39.7K

རྩོམ་ཡིག་སྔོན་མ།
༄༅།། པོ་ཏ་ལ།
རྩོམ་ཡིག་རྗེས་མ།
༄༅།། ང་དང་སྤྱང་མོ།

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1