གཙོ་ངོས།>> ཁྲིམས་ལུགས།>>ཁྲིམས་ལུགས་ཤེས་བྱ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༡ཚེས་༡༢ཉིན།

༄༅།། གློག་སྒུལ་འཁོར་ལོའི་འཁོར་བདག་རྣམས་ཀྱིས་ཐུགས་གཟབ་བྱ་དགོས་པ་འགའ།

        སྤྱི་བདེ་པུའུ་ནས་༢༠༡༧ལོའི་ཟླ་༡༢ཚེས་༢༩ཉིན་《གློག་སྒུལ་འཁོར་ལོའི་བཀག་འཇོག་གློག་གསོག་ཚད་ལྡན་བཟོས་ནས་མེ་ཟོན་དོ་ནན་བྱ་རྒྱུའི་སྐོར་གྱི་བརྡ་ཁྱབ》(གཤམ་དུ་བརྡ་ཁྱབ་ཅེས་བསྡུ་རྒྱུ)བཀྲམས་པ་རེད། 
        བརྡ་ཁྱབ་ནང་གི་གློག་སྒུལ་འཁོར་ལོ་ཞེས་པར་གློག་སྒུལ་ལྕགས་རྟ་དང་། གློག་སྒུལ་སྦག་སྦག གློག་སྒུལ་འཁོར་གསུམ་འཁོར་ལོ་བཅས་ཚུད་ཡོད། 
        བརྡ་ཁྱབ་ཀྱིས་གློག་སྒུལ་འཁོར་ལོའི་བཀག་འཇོག་གློག་གསོག་གི་བྱ་སྤྱོད་ཚད་ལྡན་དུ་བཟོས་ཤིང་། སྤྱི་དམངས་ཀྱིས་གློག་སྒུལ་འཁོར་ལོ་ཉེན་ཁ་མེད་སར་བཀག་འཇོག་བྱེད་དགོས་པ་དང་། གློག་གསོག་སྐབས་བདེ་འཇགས་འགན་སྲུང་ཐུབ་པ་བྱ་འོས། 
༡、ཁང་པའི་སྤྱི་སྤྱོད་འགྲུལ་ལམ་དང་། སྐས་རྒྱུད། ཉེན་ཟོན་ཐོན་སྒོ་སོགས་སྤྱི་པའི་ས་ཁོངས་སུ་གློག་སྒུལ་འཁོར་ལོ་བཀག་འཇོག་བྱེད་པའམ་ཡང་ན་གློག་གསོག་པའི་རིགས་གཏན་འགོག་བྱ་རྒྱུ།
༢、ལྕོགས་ཚོད་ཀྱིས་སྒེར་ཁང་དུ་གློག་སྒུལ་འཁོར་ལོ་བཀག་འཇོག་གམ་ཡང་ན་དེར་གློག་གསོག་པ་བཅས་མི་བྱ་རྒྱུ།
༣、བཀག་འཇོག་དང་གློག་གསོག་མ་བྱས་ཐབས་མེད་ཡིན་རིགས། ལོགས་སུ་བཀར་བ་དང་བལྟ་སྲུང་སོགས་མ་ཡོང་སྔོན་འགོག་གི་བྱ་ཐབས་སྤྱད་དེ་མེ་ཟོན་བྱ་རྒྱུ།
        བརྡ་ཁྱབ་ཏུ་བཀག་འཇོག་གློག་གསོག་གི་དོ་དམ་འགན་འཁྲི་དོན་འཁྱོལ་ཡོང་བར་བླང་བྱ་ཁ་གསལ་བཏོན་ཡོད། སྡེ་ལས་ཞབས་ཞུའི་ཁེ་ལས་སམ་གཙོ་གཉེར་སྡེ་ཚན་ཡོད་པའི་སྡོད་ཁང་ཁུལ་ཆུང་དང་། ཐོག་བརྩེཊ་རྭ་བ་བཅས་ལ་སྡེ་ལས་ཞབས་ཞུའི་ཁེ་ལས་དང་གཙོ་གཉེར་སྡེ་ཚན་གྱིས《སྡེ་ལས་དོ་དམ་གྱི་སྲོལ་ཡིག》སོགས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར། དོ་དམ་ས་ཁོངས་ཀྱི་ནང་དུ་གློག་སྒུལ་འཁོར་ལོ་བཀག་འཇོག་དང་གློག་གསོག་བཅས་མེ་ཟོན་ཉེན་འགོག་གི་དོ་དམ་ལག་བསྟར་བྱ་རྒྱུ། སྡེ་ལས་ཞབས་ཞུའི་ཁེ་ལས་སམ་གཙོ་གཉེར་སྡེ་ཚན་མེད་རིགས།ས་ཁོངས་དེའི་ཤང་གྲོང་རྡལ་མི་དམངས་སྲིད་གཞུང་དང་སྲང་ལམ་དོན་གཅོད་ཁང་གིས《མེ་ཟོན་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་ནས་དཔར་འགྲེམ་གནང་བའི《མེ་ཟོན་བདེ་འཇགས་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱ་ཐབས》སོཊ་ཚད་ལྡན་ཡིག་ཆ་བཅས་ལྟར། གྲོང་མི་ཨུ་ཡོན་ལྷན་ཁང་དང་ཡུལ་མི་ཨུ་ཡོན་ལྷན་ཁང་བཅས་ལ་མཛུབ་ཁྲིད་རོགས་རམ་བྱས་ནས་གློག་སྒུལ་འཁོར་ལོའི་བཀག་འཇོག་གློག་གསོག་ཐད་ཀྱི་མེ་ཟོན་དོ་དམ་མི་སྣ་གཏན་འཁེལ་དང་དོ་དམ་འགན་འཁྲི་དོན་འཁྱོལ་བྱ་རྒྱུ། ཆ་རྐྱེན་ཡོད་པའི་སྡོད་ཁང་ཁུལ་ཆུང་དང་ཐོགས་བརྩེགས་རྭ་བར་དོན་དངོས་ཟུང་འབྲེལ་བྱས་ནས་གློག་སྒུལ་འཁོར་ལོ་ལོགས་སུ་བཀག་འཇོག་གློག་གསོག་བྱེད་ས་བཀོད་སྒྲིག་བྱ་རྒྱུ།  
        བརྡ་ཁྱབ་ཏུ་སྒྲིག་སྲོལ་དང་མ་མཐུན་པར་བཀག་འཇོག་གློག་གསོག་བྱེད་པའི་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས་ཞེས་ཁ་གསལ་བཟོས་ཡོད། སྡེ་ལས་ཞབས་ཞུའི་ཁེ་ལས་དང་། གཙོ་གཉེར་སྡེ་ཚན། གྲོང་མི་ཨུ་ཡོན་ལྷན་ཁང་།ཡུལ་མི་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མྱུར་དུ་སྡོད་ཁང་ཁུལ་ཆུང་དང་ཐོག་བརྩེགས་སྒོ་རྭའི་ནང་དུ་གློག་སྒུལ་འཁོར་ལོ་བཀག་འཇོག་གློག་གསོག་གི་ཆེད་དོན་ཞིབ་བཤེར་བྱས་ཏེ། མངོན་མེད་རྐྱེན་ངན་དུས་ཐོག་ཏུ་སེལ་བ་བྱ་དགོས། ཞིབ་བཤེར་བྱས་པ་བརྒྱུད་སྒྲིག་སྲོལ་དང་མ་མཐུན་པར་གློག་སྒུལ་འཁོར་ལོ་བཀག་འཇོག་གློག་གསོག་བྱས་པ་ཤེས་ཚོར་བྱུང་རིགས། བཀག་འགོག་བྱ་རྒྱུ་མ་ཟད་གཙང་སེལ་ཡང་བྱ་དགོས། གཙང་སེལ་བྱ་རྒྱུ་དང་ལེན་མི་བྱེད་རིགས་སྤྱི་བདེ་ལས་ཁུངས་ཀྱི་མེ་ཟོན་སྒྲིག་གཞིའམ་སྤྱི་བདེ་མངག་གཏོང་ཁང་ལ་སྙན་སེང་འབུལ་དགོས། 
        བརྡ་ཁྱབ་ལས་འགལ་བའི་བྱ་སྤྱོད་གང་ཞིག་མེ་ཟོན་དོ་དམ་ལས་འགལ་བའི་བྱ་སྤྱོད་དུ་གྲུབ་རིགས། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུ་དང་།མེ་སྐྱོན་ཐོན་ཅིང་འཇུག་འབྲས་ཚབས་ཆེན་བཟོས་ཏེ་ཉེས་བསགས་སུ་གྲུབ་རིགས། ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱ་རྒྱུ་ཞེས་བརྡ་ཁྱབ་ཏུ་ནན་བཤད་ཁ་གསལ་བཟོས་ཡོད་པ་རེད།  
        སྤྱི་དམངས་ཀྱིས་མེ་ཟོན་བཅའ་ཁྲིམས་ཁྲིམས་སྲོལ་དང་མེ་ཟོན་བདེ་འཇགས་དོ་དམ་གྱི་གཏན་འབེབས་རྣམས་རང་འགུལ་ངང་སྲུང་བརྩི་ཞུ་དགོས། གློག་སྒུལ་འཁོར་ལོའི་མེ་སྐྱོན་ཉེན་ཁ་དང་མེ་ཟོན་བདེ་འཇགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ཤེས་ཚོར་བྱུང་འཕྲལ། དུས་ཐོག་ཏུ་ཁ་པར་“96119”བརྒྱག་པའམ་ཡང་ན་ཕན་ནུས་འཐོན་པའི་ཐབས་ལམ་བརྒྱུད་དེ་སྤྱི་བདེ་ལས་ཁུངས་ལ་ཐེར་འདོན་སྙན་སེང་ཞུ་དགོས།།
(ལྷ་མོའི་ཁྲིམས་ལུགས་བཤད་སྟེགས་ཞེས་པའི་འཕྲིན་སྟེགས་ལས། )

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1