བོད་ལྗོངས་ཀྱི་གནའ་བོའི་བཟོ་རྩལ་ལ་སླར་ཡང་གསོན་ཉམས་རྒྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-16


           ཟླ་1ཚེས་11ཉིན། བོད་ལྗོངས་ཀྱི་བོད་རུམ་སྟོན་ཚོགས་སྐབས་གཉིས་པ་ལྷ་སར་གཉེར་འགོ་ཚུགས་ཤིང་། བོད་རུམ་སྟོན་ཚོགས་སུ་བོད་ལྗོངས་ཀྱི་གཙོ་གནད་རིག་གནས་ཁེ་ལས་དང་ཆེད་ལས་མཉམ་ལས་ཁང་22ཀྱི་སྣ་ཁ་མི་གཅིག་པའི་བོད་རུམ་དང་། སྣམ་བུ། བསླས་འཐག་རིགས་ཀྱི་ཐོན་རྫས་བཅས་རིགས་བརྒྱ་ལ་ཉེ་བའི་ཐོན་རྫས་སྟོང་ལྷག་འགྲེམས་སྟོན་བྱས་ཡོད་པ་རེད། བོད་རུམ་ནི་འཛམ་གླིང་ཐོག་གི་མིང་གྲགས་ལྡན་པའི་རུམ་གསུམ་གྱི་ཡ་གྱལ་ཡིན་ཞིང་། དེའི་སྤུས་ལེགས་ཀྱི་བཟོ་རྩལ་དང་། མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་དཔེ་རིས། མཛེས་རིག་ཞིབ་བརྟག་གིས་ཚོས་འགོས་པ་བཅས་འཛམ་གླིང་ཐོག་སྙན་གྲགས་ཁྱབ་པས། བོད་མི་རིགས་ཀྱི་ཕུལ་བྱུང་རིག་གནས་ཤུལ་བཞག་ཅིག་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1