མའོ་རྫོང་གིས་ཞིང་ལས་ཐོན་ལས་ཀྱི་སྒྲིག་གཞི་ལེགས་སྒྲིག་བྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས།རྔ་བ་བརྙན་འཕྲིན་ཁང་། སྤེལ་དུས། 01-17


        ད་ལོ་ནས་བཟུང་།མའོ་རྫོང་གིས་སི་ཁྲོན་ནུབ་བྱང་སྐྱེ་ཁམས་དཔལ་འབྱོར་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་གྱི་ཐབས་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ནས། སྐྱེ་ཁམས་ཐོན་ཁུངས་ཁྱད་འཕགས་འབུར་ཐོན་ལས། ཞིང་ལས་ལས་གཞི་གཙོ་བོ་དམ་འཛིན་ཡོང་བར་སྐུལ་འདེད་བཏང་ནས། ཞིང་ལས་རྨང་གཞི་སྒྲིག་བཀོད་འཛུགས་སྐྱོང་ལ་ཤུགས་བསྣན་ཏེ། ཞིང་ལས་སྒྲིག་གཞི་ལེགས་སྒྲིག་ལ་སྐུལ་འདེད་ཟབ་མོ་བཏང་བ་དང་། ཞིང་ལས་ཁྱད་ལྡན་ཐོན་ལས་ཧུར་ཐག་གིས་གསོ་སྤེལ་བྱས་ཏེ། ཞིང་བ་ཕྱུག་འགྱུར་གྱི་བགྲོད་ལམ་མུ་མཐུད་དུ་རྒྱ་བསྐྱེད་པ་རེད།
        མའོ་རྫོང་གིས་ཡུལ་དེའི་དོན་དངོས་དང་། ཞིང་ལས་ཐོན་ལས་གོང་འཕེལ་གནས་ཚུལ་གཞིར་བཟུང་ནས། དཔེ་སྟོན་ལྟེ་གནས་རྟེན་གཞི་ཧུར་ཐག་གིས་བསྐྲུན་ཏེ། ཞིང་ལས་ཁྱད་ལྡན་ཐོན་ལས་གསོ་སྤེལ་བཏང་ནས། མའོ་རྫོང་སི་ཁྲོན་ནུབ་བྱང་མཐོ་སྒང་གི་ཁྱད་ལྡན་ཤིང་ཏོག་འདེབས་འཛུགས་ཚོད་ལྟའི་དཔེ་སྟོན་ཁུལ་གྱི་མཚོན་བྱེད་ཞིག་ཏུ་གྱུར་ཡོད་པ་རེད།
        མུའུ་བརྒྱ་དང་བརྒྱད་ཅུ་ལ་རྣམ་གྲངས་འཆར་འགོད་བྱས་ཡོད། རྨིན་ཅང་གཙང་བོའི་མངའ་ཁུངས་ཀྱི་ཁྱད་ལྡན་ཤིང་ཏོག་དེ་གཙོ་གནད་དུ་བརྩིས་ནས། ཐུན་མིན་ཐོན་སྐྱེད་དང་། ཚན་རྩལ་ཞིབ་འཇུག གསོ་སྦྱོང་། དཔེ་སྟོན། ཡུལ་སྐོར་བཅས་ཟུང་གཅིག་བྱེད་པ་ནི། སི་ཁྲོན་ཞིང་ཆེན་གྱི་དེབ་རབས་ཞིང་ལས་ཚན་རྩལ་མཐོན་པོའི་འདེབས་འཛུགས་ཚོད་ལྟ་དང་། དཔེ་སྟོན་སྡེ་ཁུལ་ས་ཁུལ་ཨང་དང་པོ་ཞིག་བསྐྲུན་པ་དེ་ཡིན། ན་ནིང་སྡེ་ཁུལ་དུ་ཀུ་ཤུ་སོགས་ཀྱི་ཤིང་ཏོག་ནང་འདྲེན་བྱས་ཡོད། མིག་སྔར། སྡེ་ཁུལ་གྱི་ཁྱད་ལྡན་ཤིང་ཏོག་རིགས་བཞི་བཅུ་ལྷག་དང་། རིགས་དབྱེ་བརྒྱད། རིགས་སྣ་བཅོ་ལྔའི་སྤུས་ལེགས་སྔོ་ཚལ་ཚོད་ལྟ་དང་དཔེ་སྟོན་ལེགས་འགྲུབ་བྱུང་ཡོད། རིགས་གསར་བ་འདེབས་འཛུགས་སྣེ་ཁྲིད་དང་ཚོད་ལྟར་སྣེ་ཁྲིད་བྱས་པ་བརྒྱུད། ཡུལ་དེའི་སྔོ་ཚལ་དང་ཤིང་ཏོག་ཐོན་ལས་གོང་འཕེལ་ལ་ནུས་ལྡན་གྱི་ཚན་རྩལ་རོགས་འདེགས་དང་། ལག་རྩལ་འགན་ལེན་འདོན་སྤྲོད་བྱས་ཡོད་པ་མ་ཟད། མའོ་རྫོང་གི་གནས་ཚུལ་དང་མཐུན་པའི་ཞིང་ལས་ཐོན་ལས་ཅན་གོང་འཕེལ་གྱི་བགྲོད་ལམ་གསར་བ་ཞིག་འཚོལ་ཞིབ་བྱས་ཡོད།
        དགུན་དུས་སུ་སླེབས་དུས། ཡལ་ག་གཅོད་པའི་དུས་སྐབས་ཡིན་པས། ཧྥོང་དབྱི་གྲོང་རྡལ་ཁུ་ཁུ་སྡེ་བའི་ས་ཞིང་ནང་དུ། ཤིང་ཏོག་སྡོང་བོ་མང་པོ་གྲལ་སྒྲིག་འདུག་ལ། གང་ས་གང་ནས་སྡེ་དམངས་རྣམས་བྲེལ་འཚུབ་ཀྱི་རྣམ་པ་མཐོང་ཐུབ།
        སྡེ་དམངས་ཧྲིན་པིན་ཚང་ལ་མུའུ་གཅིག་ལྷག་གི་ས་ཞིང་ཡོད་ལ། ཁོང་ཚང་གིས་ཆང་བ་ལུ་འདེབས་འཛུགས་བྱེད་རྒྱུར་གཙོར་བཟུང་ཡོད། འདི་ནི་ཁོང་ཚང་གི་དཔལ་འབྱོར་ཡོང་སྒོ་གཙོ་བོ་ཡིན། ཤིང་སྡོང་གི་དོ་དམ་ཕྱོགས་ལ་ཧྲིན་པིན་གྱིས་ནམ་རྒྱུན་སེམས་ཁྲལ་བྱེད་ཀྱིན་འདུག
        དབུལ་སྐྱོར་གནད་འཁེལ་ལས་ཀའི་ཁྲོད་དུ། མའོ་རྫོང་ཕྱུགས་ལས་ཅུས་ཀྱིས་དབུལ་སྐྱོར་གནད་འཁེལ་གྱི་ལག་རྩལ་ཞབས་འདེགས་རུ་ཁག་དང་ཆེད་མཁས་པས་ཞབས་འདེགས་ཚོགས་པ་བཙུགས་ནས། རྫོང་ཡོངས་དུ་ལག་རྩལ་གསོ་སྦྱོང་སྤེལ་བར་འཁོར་སྐྱོད་བྱས། དཔྱིད་རྨོས་རྨོ་འདེབས་གྲ་སྒྲིག་ཐོན་སྐྱེད་དང་ཞིང་དོན་གནད་འགག་དུས་སྐབས་སུ། ས་ཞིང་དུ་ཟབ་ཞུགས་བྱས་ནས་ཞིང་བའི་ལག་རྩལ་གསོ་སྦྱོང་ཤུགས་ཆེན་སྒོས་སྤེལ་ཏེ།དབུལ་ཕོངས་ཁྱིམ་ཚང་ལ་མཛུབ་སྟོན་དང་། ཁྱིམ་ཚང་ཆེན་པོ་དང་རོང་འབྲོག་ལས་ཀྱི་ཆེད་ལས་མཉམ་ལས་ཁང་ལ་འདེབས་གསོ་བྱས། མིག་སྔའི་བར་དུ་རྫོང་ཡོངས་ཀྱི་དབུལ་ཕོངས་སྡེ་བ་སོ་སོར་ཐེངས་དྲུག་བརྒྱ་ལ་གསོ་སྦྱོང་བྱས་ཡོད་པ་དང་། མི་ཐེངས་སྟོང་ཁྲི་གསུམ་སྟོང་ལྔ་ལ་གསོ་སྦྱོང་བྱས་ཡོད། རོང་འབྲོག་དམངས་ལ་ལག་རྩལ་དྲིལ་སྒྲོག་ཡིག་ཆ་ཁྲི་གསུམ་འགྲེམ་གཏོང་བྱས་ཡོད་པ་རེད། ས་ཞིང་དུ་ཆུ་འདྲེན་པའི་ཕྱོགས་སུ། མའོ་རྫོང་གིས་ཞིང་ལས་ཐོན་ལས་རྣམ་གྲངས་ཤུགས་བསྣན་ནས། ཞིང་ནང་དུ་ཆུ་བེད་རྨང་གཞི་སྒྲིག་བཀོད་འཛུགས་སྐྲུན་དང་ཚད་མཐོའི་ཆུ་འདྲེན་ལས་གཞི་ལག་ལེན་བྱས་ཏེ། ཞིང་བའི་ཐོན་རྫས་སྤུས་ཀ་མཐོར་འདེགས་སུ་བཏང་ཡོད་ལ། ཞིང་བའི་ཡོང་འཕར་དམིགས་འབེན་རྩ་བ་ནས་རོགས་སྐྱོར་བྱས་ཡོད། མིག་སྔར། མའོ་རྫོང་གིས་2017ལོའི་ཐེངས་དང་པོ་ནས་ཐེངས་ལྔ་བའི་ཞིང་ཕན་མ་དངུལ་གཅིག་གྱུར་ལེགས་སྒྲིག་བཀོལ་སྤྱོད་རྣམ་གྲངས་ལག་ལེན་དང་དེ་མིན་ཞིབ་བཤེར་ལས་ཀ་ལེགས་འགྲུབ་བྱུང་ཡོད།སྡེ་བ་བརྒྱ་ལ་དོང་ཆུ་སྟོང་གི་ཆུ་འདྲེན་ལས་གཞི་ཞིབ་བཤེར་ལས་ཀ་ལེགས་འགྲུབ་བྱུང་ཡོད་པ་རེད། ད་སྐབས། ཞིང་ལས་ཐོན་ལས་ཅན་མུ་མཐུད་དུ་སྐུལ་འདེད་བཏང་བར་བསྟུན་ནས།མའོ་རྫོང་ཞིང་ལས་རིམ་བཞིན་ཚད་ལྡན་ཅན་དང་། དེང་རབས་ཅན་དུ་འགྲོ་བཞིན་ཡོད་པ་མ་ཟད། ཞིང་ལས་ལྟེ་གནས་དཔེ་སྟོན་རྟེན་གཞི་རུ་གྱུར་ཡོད། དེ་བཞིན་ཞིང་ལས་སྤྱིའི་ལུགས་བསྒྱུར་རིམ་སྤར་གྱི་བགྲོད་ལམ་དུ་སྐུལ་སློང་བཏང་ཡོད་ལ། ད་སྐབས་ཀྱི་རྨང་གཞིའི་སྟེང་ནས་སྲ་བརྟན་དང་མཐོར་འདེགས་བཏང་ཡོད། མའོ་རྫོང་གིས་ད་རུང་དེང་རབས་ཞིང་ལས་དང་ཐོན་ལས་གོང་འཕེལ་ལ་རྒྱུན་མཐུད་སྒོས་གོང་འཕེལ་བཏང་ནས། ཞིང་བའི་ཡོང་སྒོ་གོ་གནས་གལ་ཆེན་དུ་བརྩིས་ནས། མི་སེར་རྣམས་ལ་དེང་རབས་ཞིང་ལས་ལས་རྫོང་སྟོབས་ལྡན་དུ་གྱུར་བའི་གྲུབ་འབྲས་ལོངས་སུ་སྤྱོད་དུ་བཅུག་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1