མི་ཉག་མཛེས་ལྗོངས་ཁུལ་ལ་རྒྱལ་ཁབ་ཀྱིAབཞི་རིམ་པའི་ཆོག་མཆན་ཐོབ་པ།

ཡེ་མགོན་གྱིས། རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 01-18


    སྤྱི་ཟླ་དང་པོའི་ཚེས་14ཉིན། གསར་འགོད་པས་འབྲེལ་ཡོད་ལས་ཁུངས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། དཀར་མཛེས་ཁུལ་དར་མདོ་གྲོང་ཁྱེར་གྱི་མི་ཉག་གནས་མཆོག་མཛེས་ལྗོངས་ཁུལ་ལ་རྒྱལ་ཁབ་ཀྱིAབཞི་རིམ་པའི་ཆོག་མཆན་ཐོབ་པ་རེད།
    མི་ཉག་གནས་མཆོག་མཛེས་ལྗོངས་ཁུལ་དེ་དཀར་མཛེས་ཁུལ་ཡུལ་སྐོར་མཛེས་ལྗོངས་སྤུས་ཚད་རིམ་པ་དཔྱད་བསྡུར་ཨུ་ཡོན་ལྷན་ཁང་གིས་འོས་སྦྱོར་ངོ་སྤྲོད་བྱས་པར་བརྒྱུད། སི་ཁྲོན་ཞིང་ཆེན་མཛེས་ལྗོངས་དཔྱད་བསྡུར་གཞུང་ལས་ཁང་གིས་ཞིབ་བཤེར་དཔྱད་བསྡུར་གྱི་འཆར་གཞིའི་ནང་བཞག་པ་རེད། 2017ལོའི་སྤྱི་ཟླ་11པའི་ཚེས་10ཉིན་ནས་16ཉིན་གྱི་བར་མི་ཉག་གནས་མཆོག་མཛེས་ལྗོངས་ཁུལ་དེ་རྒྱལ་ཁབ་ཀྱིAབཞི་རིམ་པའི་མཛེས་ལྗོངས་ཁུལ་འཛུགས་སྐྱོང་བྱ་རྒྱུའི་ཐད་དྲ་བ་ཐོག་ཡོངས་བསྒྲགས་བྱས་ཏེ་བསམ་འཆར་བསྡུ་ལེན་བྱས་མཐར། མི་ཉག་མཛེས་ལྗོངས་ཁུལ་དེ་རྒྱལ་ཁབ་ཀྱིAབཞི་རིམ་པའི་མཛེས་ལྗོངས་ཁུལ་གྱི་ཚད་གཞིའི་ཐོག་སླེབས་པས་རྒྱལ་ཁབ་ཀྱིAབཞི་རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་ཆོག་མཆན་ཐོབ་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1