སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་ལས་དོན་སྐོར་གྱི་མཛུབ་ཁྲིད་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་ཡིན་པ།

རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 01-19



        བློ་རིག་རྣོ་བ་དང་གནད་ལ་འཕིགས་པའི་སྲིད་ཇུས་ལག་བསྟར་བྱས་ནས་རྒྱལ་ཁ་གསར་པ་ཟམ་མི་ཆད་པ་ཐོབ་པ་བྱེད་དགོས་ཞེས་པ་འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་གསར་ཤིས་ཚིག་གསུང་སྐབས་དབུལ་སྒྲོལ་འགག་གཏོར་ལས་དོན་ཐད་བཏོན་གནང་བའི་བླང་བྱ་ཞིག་ཡིན། ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅིས་རྒྱལ་ནང་དུ་རྟོག་ཞིབ་ཐེངས་སུམ་ཅུ་ལྷག་ཙམ་གནང་བ་དེ་དག་དབུལ་སྐྱོར་དང་འབྲེལ་བ་ཡོད་པ་དང་། སྟུད་མར་ལོ་ལྔའི་རིང་ལོ་གསར་སྐབས་རྒྱལ་ནང་དུ་རྟོག་ཞིབ་གནང་སྐབས་དབུལ་སྐྱོར་ལ་གཟིགས་གནང་བ་དང་། དབུལ་ཕོངས་མང་ཚོགས་ནི་སྔ་ཕྱི་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅིས་ཐུགས་ཁུར་གནང་ཡུལ་ཞིག་ཡིན། སྤྱི་ལོ་2017ལོར། རང་རྒྱལ་གྱི་གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་བྱེ་བ་གཅིག་ལྷག་ཙམ་དབུལ་སྒྲོལ་ཐུབ་པ་དང་། ལོ་འཁོར་མོའི་དབུལ་ཕོངས་ཉུང་གཏོང་ལས་འགན་ཚད་བརྒལ་ངང་ལེགས་གྲུབ་ཐུབ་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་ལོ་གསུམ་གྱི་རྗེས་དུས་བཀག་ལྟར་དབུལ་སྒྲོལ་འགག་གཏོར་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱེད་པའི་མཛུབ་ཁྲིད་དགོངས་དོན་ལག་བསྟར་བྱ་ཆེད། ད་ལོ་རང་རྒྱལ་གྱིས་ཆེས་དབུལ་ཕོངས་ཀྱི་འགག་གཏོར་ལ་དོ་ཁུར་བྱ་རྒྱུ་དང་། གནད་ལ་འཕིགས་པའི་སྲིད་ཇུས་ལག་བསྟར་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། དབུལ་ཕོངས་མང་ཚོགས་དེ་བས་མང་བར་སྒྱུར་བཅོས་གོང་འཕེལ་གྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱ་རྒྱུ་ཡིན་པ་རེད། 
        སྤྱི་ལོ་2017ལོར། རང་རྒྱལ་གྱི་དབུལ་ཕོངས་མི་འབོར་བྱེ་བ་གཅིག་ལྷག་ཙམ་སླར་ཡང་ཉུང་དུ་ཕྱིན་ཡོད། དེའི་ཁྲོད་ཐོན་ལས་དབུལ་སྐྱོར་གྱི་ལས་སྒོ་གསར་པ་གོང་འཕེལ་མགྱོགས་པོ་བྱུང་བ་དང་། གློག་རྡུལ་ཚོང་དོན་དབུལ་སྐྱོར་གྱིས་དབུལ་ཕོངས་ཐེམ་དུད་ས་ཡ་གཉིས་དང་བདུན་འབུམ་བཞི་ཁྲི་ལ་ཡོང་འབབ་འཕར་སྣོན་ཡོང་རྒྱུར་སྐུལ་ཁྲིད་ཐུབ་པ། འོད་ཧྥུའི་དབུལ་སྐྱོར་གྱིས་དབུལ་ཕོངས་ཐེམ་དུད་བརྒྱད་འབུམ་ལ་ཐད་ཀར་ཕན་པ་ཐོབ་པ། ཡུལ་སྐོར་དབུལ་སྐྱོར་དབུལ་ཕོངས་གྲོང་ཚོ་ཉིས་ཁྲི་སུམ་སྟོང་ལ་ཁྱབ་ཡོད་པ་རེད། 
        ཡུན་ནན་ཞིང་ཆེན་སྡེ་ཧུང་ཁུལ་ཡིང་ཅང་རྫོང་སུང་ཁེ་གྲོང་ཚོ་ནི་དེའི་ཁྲོད་ཀྱི་གྲས་ཤིག་ཡིན། སུང་ཁེ་གྲོང་ཚོས་ཁྱད་ཆོས་ལྡན་པའི་གྲངས་ཉུང་མི་རིགས་ཀྱི་གྲོང་ཚོ་འཛུགས་སྐྲུན་དང་། སྲོལ་རྒྱུན་གྲོང་ཚོ་འཛུགས་སྐྲུན། སྐྱེ་ཁམས་ཁོར་ཡུག་འཛུགས་སྐྱོང་བཅས་ཟུང་དུ་སྦྲེལ་ཏེ་གནའ་བོའི་གྲོང་ཚོའི་ཉམས་འགྱུར་སླར་གསོར་བརྟེན་ནས་ཡུལ་སྐོར་གྱི་དབུལ་སྐྱོར་གོང་འཕེལ་བཏང་ཡོད། གྲོང་མི་ཡང་པིང་གིས། ཡུལ་སྐོར་བ་འབོར་ཆེན་སླེབས་པ་དང་བསྟུན་ནས་དེ་སྔོན་བྲིན་ཁ་རྒྱུག་པོ་མེད་པའི་ཞིང་ལས་ཁྱད་ལྡན་ཐོན་རྫས་དང་ལག་ཤེས་བཟོ་རྩལ་དངོས་པོ་ཡང་བྲིན་ཁ་རྒྱུག་ཏུ་ཕྱིན་པ་དང་། གྲོང་མི་རྣམས་ཁྱིམ་གྱི་སྒོ་ཐོན་མི་དགོས་པར་རིན་གོང་ཡག་པོ་རག་གི་ཡོད། སྤྱི་ལོ་2018ལོར། རང་རྒྱལ་གྱིས་དབུལ་ཕོངས་མི་འབོར་བྱེ་བ་གཅིག་ཡན་སླར་ཡང་ཉུང་དུ་གཏོང་རྒྱུ་དང་། དབུལ་ཕོངས་རྫོང་ཉིས་བརྒྱ་ཙམ་དབུལ་པོའི་ཞྭ་མོ་འབུད་ཐུབ་པ། དབུལ་ཕོངས་མི་འབོར་ས་ཡ་གཉིས་དང་བརྒྱད་འབུམ་ཙམ་ས་ཆ་གཞན་ལ་དབུལ་སྐྱོར་གནས་སྤོའི་འཛུགས་སྐྲུན་ལས་འགན་ལེགས་སྒྲུབ་བྱ་རྒྱུ་ཡིན་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་ལིའུ་ཡོང་ཧྥུས། ས་ཆ་གསུམ་དང་ཁུལ་གསུམ་སོགས་ཆེས་དབུལ་ཕོངས་ས་ཁུལ་དུ་གནད་ལ་འཕིགས་པའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། དབུལ་ཕོངས་རྒན་རྒོན་དང་། དབང་པོ་སྐྱོན་ཅན། ནད་གཞི་ལྕི་བའི་ནད་པ་སོགས་མང་ཚོགས་ལ་གནད་འཕིགས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་དུས་མཚུངས་སུ་དབུལ་སྒྲོལ་འགག་གཏོར་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་གཉིས་སྦྲེལ་མཐུད་ཡག་པོ་བྱ་རྒྱུ་དང་། དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་གཏང་རྒྱུ་ཡིན་ཞེས་གསུངས། 
        སྤྱི་ལོ་2018ལོར། རང་རྒྱལ་གྱི་དབུལ་སྒྲོལ་འགག་གཏོར་ལས་དོན་དེ་དབུལ་ཕོངས་ཉུང་གཏོང་གི་འཕེལ་རིམ་ལ་སྣང་ཆེན་བྱེད་པ་ནས་དབུལ་སྒྲོལ་གྱི་སྤུས་ཚད་ལ་སྔར་བས་སྣང་ཆེན་བྱ་རྒྱུར་བརྗེ་སྒྱུར་དང་། དབུལ་སྒྲོལ་དམིགས་འབེན་ལེགས་གྲུབ་བྱ་རྒྱུར་སྣང་ཆེན་བྱེད་པ་ནས་དབུལ་ཕོངས་མང་ཚོགས་ཀྱི་ཐོབ་ཚོར་ཆེ་རུ་འགྲོ་བར་སྣང་ཆེན་སྔར་ལས་ལྷག་པ་བྱ་རྒྱུར་བརྗེ་སྒྱུར། རོགས་སྐྱོར་བྱ་ཡུལ་གནད་ལ་འཁེལ་པོ་ཡོང་བ་བྱེད་པ་ནས་གནད་འཕིགས་རོགས་སྐྱོར་གྱིས་དབུལ་སྒྲོལ་བརྟན་པོ་ཡོང་བར་བརྗེ་སྒྱུར་བྱ་རྒྱུ་ཡིན་པ་རེད།
        མིག་སྔར། ས་གནས་ཁག་གིས་ཆེས་དབུལ་ཕོངས་ཀྱི་འགག་གཏོར་ལ་དོ་ཁུར་དང་། གནད་འཕིགས་སྲིད་ཇུས་ལག་བསྟར་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་ཡིན་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་དབུལ་ཕོངས་མི་སྣ་དང་དབུལ་ཕོངས་ས་ཁུལ་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ལ་སླེབས་པ་བྱ་རྒྱུ་ནི་རང་རེའི་ཏང་གི་རྔམ་བརྗིད་ལྡན་པའི་ཁས་ལེན་ཞིག་ཡིན་ཞེས་གསུངས་གནང་ཡོད་པ་རེད།
        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཏང་ཡོངས་དང་རྒྱལ་ཡོངས། སྤྱི་ཚོགས་ཡོངས་བཅས་ཀྱི་སྟོབས་ཤུགས་སྐུལ་སློང་གིས་གནད་འཕིགས་དབུལ་སྐྱོར་དང་གནད་འཕིགས་དབུལ་སྒྲོལ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཀྲུང་དབྱང་གིས་གཅིག་གྱུར་འཆར་འགོད་དང་ཞིང་ཆེན་གྱིས་སྤྱིའི་འགན་ཁུར་བ། གྲོང་ཁྱེར་དང་རྫོང་གིས་དོན་འཁྱོལ་ལ་དམ་འཛིན་བཅས་བྱེད་པའི་ལས་ཀའི་སྒྲིག་གཞི་རྒྱུན་འཁྱོངས་བྱེད་པ། ཏང་སྲིད་གཉིས་ཀའི་འགོ་ཁྲིད་གཙོ་བོས་སྤྱིའི་འགན་ཁུར་བའི་འགན་ཁྲིའི་ལམ་ལུགས་ཤུགས་ཆེར་གཏོང་བ། དབུལ་སྐྱོར་ཆེན་པོའི་གནས་སྟངས་རྒྱུན་འཁྱོངས་བྱེད་པ། དབུལ་སྐྱོར་དང་བློ་སྟོབས་ཆེར་གཏོང་དང་བློ་རིག་དབུལ་སྐྱོར་ཟུང་སྦྲེལ་བྱ་རྒྱུར་སྣང་ཆེན་བྱེད་པ། ཤར་ནུབ་དབུལ་སྐྱོར་རོགས་ལས་ལག་བསྟར་གཏིང་ཟབ་བྱེད་པ། ཆེས་དབུལ་ཕོངས་ས་ཁུལ་གྱི་དབུལ་སྒྲོལ་ལས་འགན་གཙོ་གནད་དུ་འཇོག་པ་བཅས་བྱས་ཏེ། སྤྱི་ལོ་2020ལོར་སླེབས་དུས་རང་རྒྱལ་གྱི་ད་ལྟ་ལག་བསྟར་བྱེད་བཞིན་པའི་ཚད་གཞིའི་འོག་གྲོང་གསེབ་ཀྱི་དབུལ་ཕོངས་མི་སྣ་དབུལ་སྒྲོལ་ཐུབ་པ་དང་། དབུལ་ཕོངས་རྫོང་ཚང་མ་དབུལ་པོའི་ཞྭ་མོ་འབུད་ཐུབ་པ། ས་ཁོངས་རང་བཞིན་གྱི་སྤྱི་ཡོངས་དབུལ་ཕོངས་ཐག་གཅོད་བྱ་རྒྱུར་འགན་ལེན་བྱས་ཏེ་དངོས་གནས་དབུལ་སྒྲོལ་དང་དབུལ་སྒྲོལ་ངོ་མ་ཐུབ་པ་བྱ་དགོས་ཞེས་གསུངས་ཡོད།།

 
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1