པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་བཀྲ་ཤིས་ལྷུན་པོ་དགོན་དུ་ཡུན་ནན་ལུའུ་ཏེན་ས་འགུལ་ཁྲོད་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་རྣམས་ལ་བསྔོ་སྨོན་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-12


     ཟླ་8ཚེས་9ཉིན་གྱི་སྔ་དྲོར་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་གཙང་བཀྲ་ཤིས་ལྷུན་པོ་དགོན་དུ་ཡུན་ནན་ལུའུ་ཏེན་ས་འགུལ་ཁྲོད་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་རྣམས་ལ་བསྔོ་སྨོན་གནང་བ་མ་ཟད། ད་དུང་གནོད་ཆེབས་ས་ཁུལ་དུ་ཞལ་འདེབས་སྒོར་ཁྲི་གནང་བ་རེད།  
     བཀྲ་ཤིས་ལྷུན་པོ་དགོན་གྱི་ཚོགས་ཆེན་འདུ་ཁང་གི་དབུས་སུ་ཡོད་པའི་བཞུགས་ཁྲིའི་ཐོག་པཎ་ཆེན་རིན་པོ་ཆེས་བཀྲ་ཤིས་ལྷུན་པོ་དགོན་གྱི་གྲྭ་དམངས་དང་ལྷན་དུ་ས་འགུལ་ཁྲོད་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་ཚོའི་རྣམ་ཤེས་ཡར་འདྲེན་དང་། གནོད་ཐེབས་ས་ཁུལ་གྱི་འགྲོ་བ་རྣམས་ཏང་དང་སྲིད་གཞུང་གི་འགོ་ཁྲིད་འོག་དང་རྒྱལ་ཡོངས་མི་དམངས་ཀྱི་རོགས་རམ་འོག་གང་མྱུར་ས་འགུལ་གྱི་གནོད་འཚེ་ལས་འགྲོལ་བ། འདས་པོ་བདེ་འགྲོལ་དང་གསོན་པོ་སྡུག་བསྔལ་ལས་འགྲོལ་བ།  འཛམ་གླིང་ཞི་བདེ་དང་མི་དམངས་ཁམས་བཟང་ཡོང་བའི་ཐུགས་སྨོན་གནང་། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1