ཨི་རན་གྱི་འགྲུལ་སྐྱེལ་གནམ་གྲུ་ཞིག་སར་ལྷུང་ནས་ཉུང་མཐར་ཡང་མི་སོ་བརྒྱད་རྐྱེན་ལམ་དུ་ཤོར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-12


    ཟླ་8པའི་ཚེས་10ཉིན། ཨི་རན་གྱི་དམག་མི་ཞིག་གིས་རྒྱལ་ས་ཏེ་ཧི་རན་ཉེ་འདབས་ཀྱི་འགྲུལ་སྐྱེལ་གནམ་གྲུ་ལྷུང་སར་བདེ་སྲུང་བྱེད་བཞིན་པ། ཨི་རན་གྱི་འགྲུལ་སྐྱེལ་གནམ་གྲུ་ཆུང་བ་ཞིག་ཚེས་10ཉིན་རྒྱལ་ས་ཏེ་ཧི་རན་ཉེ་འདབས་ནས་སར་ལྷུང་། གནམ་གྲུའི་སྟེང་བསྡོམས་པས་འགྲུལ་བ་40དང་གནམ་གྲུའི་སྟེང་གི་མི་སྣ་8ཡོད་ལ། དེའི་ནང་བྱིས་པ་7ཡོད་པ་དང་ཉུང་མཐར་ཡང་མི་38རྐྱེན་ལམ་དུ་ཤོར།
    ཨི-140རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་ཞིག་ཉིན་དེར་ཏེ་ཧི་རན་གྱི་མེ་ཧི་ལཱ་པཱ་ཏི་གནམ་གྲུ་ཐང་ནས་འཕུར་ཏེ་ཨི་རན་ཤར་ཕྱོགས་ཀྱི་གྲོང་ཁྱེར་ཐཱ་པཱ་སི་རུ་བསྐྱོད་སྐབས། ཏེ་ཧི་རན་ནུབ་ངོས་ཀྱི་སྤྱི་ལེ་ལྔའི་མཚམས་སུ་ཡོད་པའི་ཨ་ཀྲ་ཏིས་གྲོང་རྡལ་ནས་སར་ལྷུང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1