མེ་ཧྲན་གྲོང་ཁྱེར་གྱིས་བོད་ཁུལ་དུ་རོགས་སྐྱོར་བྱེད་པར་ཤུགས་བསྣན།

བདེ་མཆོག་གིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-30


        དབུལ་ཕོངས་མང་ཚོགས་རྣམས་ཀྱི་ནད་ཆུང་བ་དག་ཕྱི་རོལ་དུ་སྟོན་མི་དགོས་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུའི་ཆེད་དུ། ཏུང་ཕོ་ས་ཁུལ་གྱིས་ད་རུང་འགན་བཏགས་སྨན་པ་རྩ་འཛུགས་བྱས་ནས་སྡེ་བའི་ནང་དུ་ཟབ་ཞུགས་བྱས་ཏེ་སྨན་བཅོས་བྱེད་པའི་བྱེད་སྒོ་སྤེལ་ཏེ། མའོ་རྫོང་སྨན་ཁང་གི་ལག་རྩལ་ནུས་པ་དང་བྱང་ཚད་མཐོར་འདེགས་སུ་བཏང་ཡོད་པ་མ་ཟད་འགན་བཏགས་སྨན་པས་ལག་རྩལ་ནུས་བ་འདོན་སྤེལ་གང་ལེགས་བྱས་ཡོད་པ་རེད། 
        མེ་ཧྲན་གྲོང་ཁྱེར་གྱིས་སློབ་གསོའི་རོགས་སྐྱོར་གྱིས་ཏུང་པོ་ས་ཁུལ་དང་མའོ་རྫོང་བཅས་ས་ཁུལ་གཉིས་ཀྱིས་བྱིས་གཉོར་ཁང་ནས་མཐོ་འབྲིང་བར་གྱི་སློབ་གྲྭ་བརྒྱད་འགྲིམ་པའི་སློབ་གྲྭ་དང་གྲོགས་མཐུན་བསྒྲིགས་ཡོད།ད་ལོར་ཏུང་ཕོ་ས་ཁུལ་ནས་ཡང་བསྐྱར་ཕུལ་བྱུང་དགེ་རྒན་ཉེར་གསུམ་མངགས་ནས་མའོ་རྫོང་དུ་དུས་ཡིན་ལོ་གཉིས་ཀྱི་སློབ་གསོར་རྒྱབ་སྐྱོར་བྱེད་པའི་བྱེད་སྒོ་སྤེལ།འགན་བཏགས་དགེ་རྒན་རེ་རེའི་ཡིག་ཚགས་བསྐྲུན་ནས་བྱས་བཟོས་བའི་དབུལ་ཕོངས་སློབ་མ་གསུམ་རེར་འབྲེལ་གཏུག་བྱས་ནས། བསམ་བློ་བརྗེ་རེས་དང་དུས་བཅད་དུ་ཁྱིམ་དུ་སོང་ནས་ལྟ་སྐྱོང་སོགས་ཀྱི་རྣམ་པ་བརྒྱུད་དེ། དབུལ་ཕོངས་ཁྱིམ་ཚང་གི་སློབ་མར་ཤེས་བྱ་ཡིས་ལས་དབང་བསྒྱུར་བར་ནུས་ཤུགས་ཡོད་དགུའི་རོགས་སྐྱོར་བྱས། ན་ནིང་མའོ་རྫོང་གིས་ཏུང་ཕོ་འཛིན་གྲྭའི་སྐབས་ཐོག་དང་པོར་སློབ་མ་སུམ་ཅུ་ལེགས་འགྲུབ་བྱུང་བའི་མང་གཞིའི་སྟེང་དུ་ད་ལོར་སྐབས་ཐོག་གཉིས་པར་སློབ་མ་སུམ་ཅུ་གདམ་གསེ་བྱས་ནས་མེ་ཧྲན་གྲོང་ཁྱེར་གྱི་སློབ་འབྲིང་དུ་བསྐྱལ་ཏེ་སློབ་གྲྭ་འགྲིམ་བཞིན་ཡོད།འགན་བཏགས་དགེ་རྒན་འཛིན་གྲྭས་སློབ་མའི་རྒྱུགས་འབྲས་བརྒྱ་ཆ་བརྒྱད་དང་བརྒྱ་ཆ་དྲུག་ཇེ་མཐོར་བཏང་ཡོད། 2018ལོར་མེ་ཧྲན་གྲོང་ཁྱེར་ཏུང་ཕོ་ས་ཁུལ་གྱི་ཁ་གཏད་རོགས་དངུལ་སྒོར་ཕྱེ་བ་གཅིག་གིས་ཁ་གཏད་རོགས་སྐྱོར་གྱི་རྣམ་གྲངས་ཉེར་གཅིག་ལེན་ལེན་བྱེད་རྒྱུའི་གྲ་སྒྲིག་ཡོད་ལ། ཐོན་ལས་གོང་འཕེལ་དང་། ལས་ཞུགས། ལས་བྱེད་ཤེས་ལྡན་མི་སྣ། སྤྱི་ཚོགས་ནུས་ཤུགས། རྨང་གཞི་སྒྲིག་བཀོད་འཛུགས་སྐྲུན་ལ་རོགས་སྐྱོར་སོགས་ཀྱི་ཕྱོགས་ཀྱི་རྣམ་གྲངས་ཐད་ལ་སྔར་ལས་ཤུགས་བསྣན་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1