༄༅།། བོད་ཀྱི་ཞྭ་མོ་སྣ་བརྒྱ་ཅན།

པད་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 01-30


          བོད་ལྗོངས་སུ་བོད་ཀྱི་སྐྱེས་པ་ཕལ་ཆེར་གྱིས་ཞྭ་མོ་གྱོན་ཞིང་། དེར་རིགས་སྣ་ཚོགས་ཡོད་པར་མ་ཟད་བཟོ་དབྱིབས་ཀྱང་མི་འདྲ་བ་མང་པོ་ཡོད། བོད་ཞྭར་གཙོ་བོ་ཝ་ཞྭ་དང་། ཕྱིང་ཞྭ། གུས་ཞྭ་བཅས་རིགས་གསུམ་དུ་དབྱེ་ཞིང་།  དེའི་རྒྱབ་ཏུ་ཚོན་ལྡན་གྱི་རས་སྣེ་གཉིས་ཡོད་པ་དང་། བལྟས་ཚོད་ཀྱིས་ཧ་ཅང་སྒམ་བརླིང་དང་ཉམས་བཟང་ལྡན་པ་ཞིག་རེད། 
          བོད་ཞྭར་སྤྱིར་བཏང་དུ་དབྱར་ཞྭ་དང་དགུན་ཞྭར་དབྱེ་བ་ཞིང་། དེའི་ཁྱད་ཆོས་ལྟར་ན་ཡང “ཞྭ་དཀྱུས་མ”དང་།  “ དཔོན་ཞྭ”  “གྲྭ་པའི་ཞྭ”དང་ “སྒྱུ་རྩལ་པའི་ཞྭ” “ དམག་མིའི་ཞྭ་མོ” སོགས་རིགས་ཆེན་པོ་ལྔ་རུ་བགོས་ཡོད་པར་མ་ཟད།  ད་རུང་རྣམ་པ་མི་གཅིག་པའི“ ཚར་ཞྭ”དང་།  " ཚེ་རིང་སྐྱིན་ཁེབས་ཀྱི་ཞྭ”དང་།   “ རྩྭ་ཞྭ” སོགས་རྒྱུན་གཏན་གྱི་འཚོ་བའི་ཁྲོད་ཀྱི་སྤྱིར་བཏང་གི་ཞྭ་མོ་ཡོད་ཅིང་། འདི་དག་ནི་ཞིང་འབྲོག་མང་ཚོགས་རང་ཉིད་ཀྱིས་ལག་བཟོས་བྱས་པའི་ཐོན་རྫས་ཡིན་པས། བཟོ་དབྱིབས་རྣམ་པ་སྣ་ཚོགས་དང་མཛེས་ཤིང་སྤམ་པོ་ཞིག་ཡིན།


          གུས་ཞྭ་ནི་བོད་ཀྱི་སྐྱེས་ཕོ་མོས་དབྱར་དུས་སུ་རྒྱུན་དུ་གྱོན་པའི་ཞྭ་རིགས་ཡིན་ཞིང་། དུས་རྒྱུན་ཉི་སྒྲིབ་དང་། ཆར་འགོག་དང་། གྲང་འགོག་ཏུ་སྤྱོད་པ་ཕུད།  རྒྱུན་པར་དུས་ཆེན་དང་ཕྱིར་མགྲོན་པོར་ཕེབས་སྐབས་ད་གཟོད་གྱོན་པ་དང་། དེ་རྒྱན་ཆ་བྱས་ཆོག་ལ་གུས་ཞབས་སུའང་བལྟས་ཆོག་ཅིང་། དེ་ནི་རྒྱ་ནག་ཏུ་གུས་ཞྭ་གྱོན་པའི་གོམས་སྲོལ་དང་འདྲ་བ་ཡིན།
          བོད་ཀྱི་འབྲོག་ཁུལ་ཏུ་བོད་པའི་བུད་མེད་འགས་དུས་རྒྱུན་ཞྭ་མོ་གྱོན་པ་ཉུང་ཞིང་། ཁོ་མོ་ཚོས་མགོར་ཚོས་གཞི་ཅན་གྱི་སྐེ་དཀྲིས་འདོགས་པ་ཡིན། ཡིན་ཡང་ཁོ་མོ་ཚོའི་མགོ་རྒྱན་ནི་སྐྱེས་པ་རྣམས་ལས་རིན་ཐང་ཆེས་ཆེར་ལྡན་ཞིང་།  གསེར་དངུལ་གྱི་རྒྱན་ཆ་སྣ་ཚོགས་མགོར་བཏགས་ཏེ་ཧ་ཅང་བཀྲག་མདངས་ལྡན་པ་ཞིག་ཡིན།
          བོད་བཟོའི་ཞྭ་མོ་སྣ་ཚོགས་ཀྱི་ཁྲོད་ཝ་ཞྭ་ནི་ཆེས་མཛེས་ཤིང་ཆེས་དྲོ་བའི་ཞྭ་མོ་ཞིག་ཡིན་ཞིང་། དེར་ཨོར་དབྱིབས་ཏོག་སྒོར་ཅན་དང་ཁུག་དབྱིབས་ཏོག་ཟོར་ཅན་ཞེས་རིགས་གཉིས་སུ་བགར་བ་དང་། དགུན་དཔྱིད་ཀྱི་དུས་ཚིགས་སུ་གྱོན་པ་ཅུང་མང་། དབྱིབས་ནི་ཝ་ཞྭ་དང་འདྲ་བའི་ཚར་ཞྭ་ཡིན་ཞིང་། དྲོད་སྲུང་རང་བཞིན་ཝ་ཞྭར་མི་དོ་ཡང་རིན་གོང་ཁེ་བ་དང་། དུས་བཞི་བོར་གྱོན་ཆོག 
          ཞྭ་མོ་ཚེ་རིང་སྐྱིན་ཁེབས་ནི་བོད་བཟོའི་ཞྭ་མོ་ཁྲོད་ཀྱི་ཞྭ་ཆེས་རྣལ་མ་དེ་ཡིན་ཞིང་། ས་གནས་དེ་གར་ཐོན་པའི་སྣམ་བུ་དང་པགས་པའི་རྒྱུ་ཆ་བཀོལ་བ་ལས་གཞན། ད་རུང་གོས་ཆེན་གསེར་མ་དང་། གསེར་སྐུད་དང་དངུལ་སྐུད་ཀྱི་ལག་གདུབ་ཁ་བསྣན་ཏེ་བརྒྱན་ཡོད། སྐྱེས་པ་རྣམས་ཀྱི་ཞྭ་མདོང་ནི་སྐྱེས་མ་རྣམས་ཀྱི་ཞྭ་མདོང་ལས་མཐོ་ཞིང་། སྐྱེས་མ་རྣམས་ཀྱི “ཞྭ་མོ་ཚེ་རིང་སྐྱིན་ཁེབས”དེ་སྐྱེས་པའི་ཞྭ་མོ་ལས་མཛེས་སྡུག་ལྡན་པས། བོད་ཀྱི་སྐྱེས་ཕོ་མོ་རྒན་གཞོན་ཀུན་གྱིས་དུས་བཞིར་དགའ་པོ་བྱེད་ཀྱི་ཡོད།
          བོད་བཟོའི་ཞྭ་མོའི་རིགས་གང་ཡིན་རུང་ཚང་མས་དངོས་བཀོལ་ནས་མཛེས་དཔྱོད་ཀྱི་ཆོས་ཉིད་བརྩི་སྲུང་བྱས་པ་དང་། དུས་མཚུངས་སུ་ཞྭ་མོའི་ཏོག་གིས་དེ་བས་ཀྱང་དེའི་མཆོག་གྱུར་ལ་གཙིགས་མཐོང་ཆེན་པོ་བྱས་ཡོད་པར་མ་ཟད། རྒྱ་ཆེའི་བོད་རིགས་སྤུན་ཟླ་རྣམས་དེའི་དམིགས་བསལ་གྱི་མཚོན་རྟགས་ལ་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1