མཛོད་དགེ་རྫོང་དུ་ཞིང་ལས་འཕྲུལ་ཆས་གཏོང་སྤྲོད་ཀྱི་མཛད་སྒོ་སྤེལ།

རྩོམ་སྒྲིག་པ།ཡོང་ཁུངས།རྔ་བ་བརྙན་འཕྲིན་ཁང་། སྤེལ་དུས། 02-01



        ཉེ་ཆར་མཛོད་དགེ་རྫོང་གདོང་སྣེ་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གིས་ས་གནས་དེའི་དཀའ་ངལ་ཅན་གྱི་མང་ཚོགས་རྩ་འཛུགས་བྱས་ཏེ། རྫོང་ཞིང་ལས་འཕྲུལ་ཆས་ལྟ་སྐུལ་དོ་དམ་ས་ཚིགས་སུ། ཐོན་ལས་རོགས་སྐྱོར་རྣམ་གྲངས་ཀྱི་ཞིང་ལས་འཕྲུལ་ཆས་གཏོང་སྤྲོད་ཀྱི་མཛད་སྒོ་སྤེལ་ཏེ། ཡུལ་དངོས་ནས་འདྲུད་འཐེན་འཁོར་ལོ་གསར་པ་12དང་ཞིང་རྨོ་འཕྲུལ་ཆས་སོགས་སྟེར་བ་རེད། 
        འདྲུད་འཐེན་འཁོར་ལོ་བཅུ་གཉིས་པོ་འདིས་དབུལ་ཕོངས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་སྒྱུར་བྱེད་ཐུབ་པར་མ་ཟད། ཚད་ངེས་ཅན་ཞིག་གི་སྟེང་ནས་དབུལ་ཕོངས་མང་ཚོགས་ཀྱི་ཐོན་སྐྱེད་ཀྱི་ཧུར་སེམས་ལ་སྐུལ་སློང་བྱེད་ཐུབ་ལ། དབུལ་ཕོངས་མང་ཚོགས་ལ་ཐོན་སྐྱེད་འཕེལ་རྒྱས་དང་དབུལ་སྒྲོལ་ཕྱུག་འགྱུར་འཕེལ་རྒྱས་གཏོང་བའི་གཏིང་ཤུགས་བརྟན་པོ་གསོག་འཇོག་དང་། ས་ཁུལ་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ། མཐར་གྲོང་ཚོ་ཧྲིལ་བོར་སྐུལ་འདེད་དང་ཡུལ་ཚོ་ཡོངས་ཀྱི་དབུལ་ཕོངས་མི་འབོར་གྱི་ཡོང་འཕར་ཕྱུག་འགྱུར་གྱི་དམིགས་ཡུལ་མངོན་འགྱུར་འབྱུང་ཐུབ་པར་ཡིད་ཆེས་ཡོད་པ་རེད།
        ཐེངས་འདིའི་ཞིང་རྨོ་འཕྲུལ་ཆས་སྤྲད་པ་དེས་ས་གནས་དེའི་དབུལ་ཕོངས་མང་ཚོགས་ཀྱི་ཞིང་ལས་འཕྲུལ་ཆས་ཀྱི་ཆུ་ཚད་མཐོར་འདེགས་དང་། ཐུན་མོང་གི་དཔལ་འབྱོར་ཡོང་འབབ་ཇེ་མཐོར་བཏང་སྟེ། སྔར་ལས་ཞིང་ལས་འཕྲུལ་ཆས་ཀྱི་དབུལ་སྐྱོར་ནུས་པ་འདོན་སྤེལ་བྱེད་ཐུབ་ངེས།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1