ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བདམས་པ།

རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། 02-01


        ཟླ་1ཚེས་30ཉིན་གྱི་ཕྱི་དྲོ། འཚོག་བཞིན་པའི་ནང་སོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོར་ཀྲུང་དབྱང་གིས་མིང་འདོན་བྱས་པའི་འཐུས་མིའི་གདམ་བྱའི་འོས་མི་བློ་མཐུན་ཞི་ཅིན་ཕིང་ལ་འདེམས་ཤོག་ཆ་ཚང་ཐོབ་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མིར་བདམས་པ་ཁྱབ་བསྒྲགས་བྱས་པ་རེད།  
        ནང་སོག་རང་སྐྱོང་ལྗོངས་ཀྱི་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོས་དེ་ཉིན་ཕྱི་དྲོ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་པ་དང་། ཚོགས་འདུའི་ཐོག་ནང་སོག་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མི་58བདམས་པ་རེད། ཚོགས་ཆེན་ཐོག་བློ་མཐུན་ཞི་ཅིན་ཕིང་ལ་འདེམས་ཤོག་ཆ་ཚང་ཐོབ་ནས་བདམས་པ་ཁྱབ་བསྒྲགས་བྱེད་སྐབས་ཚོགས་ར་ཡོངས་སུ་དགའ་བསུ་ཞུ་བའི་སྒྲ་དི་རི་རི་གྲགས་པ་རེད།  
        “མི་དམངས་ཀྱི་འཐུས་མི་མི་དམངས་ཀྱིས་འདེམས་པ་དང་། མི་དམངས་ཀྱི་གཙོ་འཛིན་ལ་མི་དམངས་ཀྱིས་དགའ་ཞེན་བྱེད”འཐུས་མི་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ནང་སོག་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་སྟེ། རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཕྱུག་པོ་ཆགས་པ་ནས་སྟོབས་ཆེན་དུ་འགྱུར་བའི་བར་གྱི་ལོ་རྒྱུས་ཀྱི་རླབས་ཆེན་འཕེལ་རིམ་བརྒྱུད་བཞིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འདེམས་ཤོག་ཆ་ཚང་ཐོབ་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བདམས་པ་ནི། ནང་སོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་500ལྷག་ཙམ་གྱི་ཐུན་མོང་བསམ་འདུན་དང་རྩྭ་ཐང་གི་བུ་ཕྲུག་ཁྲི་2500ལྷག་ཙམ་གྱི་བསམ་འདུན་ཡིན་ལ། མི་རིགས་ཁག་གི་མི་དམངས་དུང་ཕྱུར་13གྱིས་ཏང་གི་སྲོག་ཤིང་ལ་ལྷག་བསམ་རྣམ་དག་དང་མི་དམངས་ཀྱི་གཙོ་འཛིན་ལ་བརྩི་བཀུར་ཞུ་བའི་མཚོན་ཚུལ་གསོན་ཉམས་དོད་པ་ཞིག་དེ་བས་ཀྱང་རེད་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1