གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་པ།

ཆུ་སྐྱེས་གཙུག་ཏོར་གྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-05


    ན་ནིང་། ཟུང་ཆུ་རྫོང་གིས་གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན་ལ་མ་དངུལ་སྒོར་ཁྲི་1300བཏང་སྟེ། ཅིན་ཁང་ཆུ་རགས་མེན་ཅང་གཙང་འགྲམ་གྱི་སྔོ་ཆད་དང་བེད་མེད་དུ་གྱུར་བའི་གྲམ་ཐང་ལ་བཅོས་སྐྱོང་བྱས་པ་དང་། ཆུ་རགས་དང་ཁྱམས་ར། སྨི་3000གི་རྐང་ལམ་ཞིག་གསོ་བྱས་ནས། ཟུང་ཆུའི་མང་ཚོགས་ལ་བག་ཕེབས་ཁམས་གཡེང་དང་། ཉི་མར་ལྡེ་བ། རོལ་རྩེད། ལུས་སྦྱོང་སོགས་གཅིག་འདུས་ཡིན་པའི་གནས་མལ་ལེགས་པོ་ཞིག་མཁོ་འདོན་བྱས་འདུག 
    འཆམ་མཐུན་ཐང་ཆེན་ནི་སྐྱེ་ཁམས་དང་ཆུ་ལོག་སྔོན་འགོག་ལ་ཕན་པ་དང་། སྤྲོ་གསེང་བག་ཕེབས་བཅས་གཅིག་འདུས་ཡིན་པའི་ཕྱོགས་བསྡུས་རང་བཞིན་ཅན་གྱི་ལས་གཞི་ཞིག་ཡིན། ན་ནིང་། ཟུང་ཆུ་རྫོང་གིས་དམངས་འཚོ་ལས་གཞི་འཛུགས་སྐྲུན་ནུས་ཤུགས་ལ་ཤུགས་བསྣན་ནས་སྔོན་ཆད་རྩྭ་ཡན་གྱིས་ཁེངས་པ་དང་དྲི་ངན་གྱིས་ཁྱབ་པའི་གནས་འདི་ལ་ལེགས་བསྒྱུར་བྱས་ཏེ། གཟིགས་སྐོར་དང་སྤྲོ་གསེང་གཅིག་འདུས་ཡིན་པའི་ལྗོངས་གཟིགས་བྱེད་ས་ཞིག་ཏུ་བསྒྱུར་ནས། ཟུང་ཆུའི་མང་ཚོགས་ལ་ཐུན་མོང་གིས་ངལ་གསོ་རྒྱག་ས་དང་ལུས་པོ་སྦྱོང་ས། ལྗོངས་གཟིགས་རྩེད་དགའ་བཅས་གཅིག་འདུས་ཡིན་པའི་གནས་མལ་ལེགས་པོ་ཞིག་མཁོ་འདོན་བྱས་འདུག                                           


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1