གཟི་རྩ་སྡེ་དགུས་བསྐྱར་བསྐྲུན་གྱི་ཆེད་དོན་གསབ་སྦྱོང་སྤེལ།

དཔལ་འཚོ་སྐྱིད་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-09


        ཉེ་སྔོན་གཟི་རྩ་སྡེ་དགུ་རྫོང་གིས་ཞིང་ཆེན་ཁོར་སྲུང་ཁང་གིས་ཆེད་མཁས་པ་བཅུ་གདན་དྲངས་ཏེ་ཆེད་མཁས་པའི་གནོད་སྐྱོན་བྱུང་རྗེས་ཀྱི་བསྐྱར་བསྐྲུན་ཆེད་དོན་གསོ་སྦྱོང་སྤེལ་ནས་ཁོར་ཡུག་སྲུང་སྐྱོང་བྱེད་པར་སྐུལ་མ་བཏང་བ་རེད། 
        གསབ་སྦྱོང་གྲོས་ཚོགས་ཐོག་ཞིང་ཆེན་ཁོར་སྲུང་ཚན་རིག་འཆར་འགོད་ཁང་གི་མཐོ་རིམ་བཟོ་བཀོད་པ་དབྱང་ཁང་ཉན་གྱིས་ཇི་ལྟར་བྱས་ནས་ལས་གཞི་དཔྱད་ཞིབ་ཚད་ལེན་བྱེད་པ་དང་འཆར་འགོད་དཔྱད་ཞིབ་ཚད་ལེན་བྱེད་པ་དང་དཔྱད་ཞིབ་ཚད་ལེན་བྱེད་པ་གཉིས་མི་འདྲ་སའི་ཕྱོགས་ལ་འགྲེལ་བཤད་བྱས། གསབ་སྦྱོང་ཁྲོད་སློབ་མ་རྣམས་ཀྱིས་ནན་ཏན་གྱིས་ཉན་པ་དང་ལས་ཀ་དངོས་ཡོད་དང་ཟུང་དུ་སྦྲེལ་ཏེ་སློབ་སྦྱོང་གི་ནང་དོན་ལ་བསམ་བློ་བཏང་བས་སློབ་སྦྱོང་གི་ཕན་འབྲས་ཀྱང་ཇེ་མཐོར་ཕྱིན་པ་རེད།
        རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་གསབ་སྦྱོང་ནི་ཉིན་གསུམ་གྱི་རིང་ཡིན་པ་དང་། ཉིན་དང་བོར་གཞུང་ལུགས་གསབ་སྦྱོང་བྱེད་པའི་མི་སྣ་གཉིས་བརྒྱ་ལྷག་གསབ་སྦྱོང་ལ་ཞུགས་པ་རེད། ཉིན་གཉིས་པར་ཆེད་མཁས་པའི་ཚན་ཆུང་ཁག་གཉིས་ལ་བགོས་ཤིང་། ཚན་ཆུང་དང་བོས་ཡུལ་དངོས་ནས་གནས་ཚུལ་འདྲི་བ་དང་། ཚན་ཆུང་གཉིས་པས་གཟི་རྩ་སྡེ་དགུ་རྫོང་གི་སྐྱེ་ཁམས་ཁོར་ཡུག་ལས་གཞིར་མཛུབ་སྟོན་བྱས། ཉིན་གསུམ་པར་གཟི་རྩ་སྡེ་དགུའི་ལྗོངས་ཁུལ་དུ་སོང་ནས་ས་ཁུལ་ཚབ་ཆེན་གྱི་ཁོར་ཡུག་དང་ལས་གཞིར་མཛུབ་སྟོན་བྱས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1