ཝུན་ཁྲོན་རྫོང་པེན་ནེ་སྡེ་བ་ཕྱུག་འགྱུར་བཏང་བ།

བདེ་མཆོག་གིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-11


        ཉེ་བའི་ལོ་འགའི་རིང་དུ། ཝུན་ཁྲོན་རྫོང་གིས་སྡེ་བར་འགྲོ་སའི་གཞུང་ལམ་དང་ཐོན་ལས་བགྲོད་ལམ།  མི་དང་ཕྱུགས་ཟོག་གི་འཐུང་ཆུའི་ལས་གྲྭ་སོགས་ཀྱི་རྨང་གཞི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་ཆེན་སྒོས་སྐུལ་འདེད་བཏང་བས། སྡེ་བ་མི་ཉུང་བ་ཞིག་ལ་གནམ་ས་བླ་འོག་བརྗེས་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། ཝུན་ཁྲོན་རྫོང་པེན་ནེ་སྡེ་བས་ཐོན་ལས་སྒྲིག་གཞི་ཧུར་ཐག་གིས་ལེགས་སྒྲིག་བྱས་ནས། ཁྱད་ལྡན་ཤིང་ཏོག་འདེབས་འཛུགས་གོང་འཕེལ་དུ་བཏང་བར་བརྟེན་ཝུན་ཁྲོན་རྫོང་གི་མིང་དོན་ཡོད་པའི་ཕྱུག་འགྱུར་གྱི་སྡེ་བ་ཞིག་ཏུ་གྱུར་བ་རེད། 
        ཝུན་ཁྲོན་རྫོང་པེན་ནེ་སྡེ་བའི་མཚོ་ངོས་མཐོ་ཚད་ལ་སྨི་སྟོང་གཅིག་བཞི་བརྒྱ་ཡོད། ས་ཞིང་གི་གཞི་ཁྱོན་རྒྱ་ཆེ་བ་དང་། ཉི་འོད་ཤིན་ཏུ་བཟང་བས། ཁྱད་ལྡན་འདེབས་འཛུགས་ལས་རིགས་གོང་འཕེལ་འོས་འཚམས་ཡིན། ཉེ་བའི་ལོ་འགའི་རིང་དུ།  རྨང་གཞི་སྒྲིག་བཀོད་ལེགས་བཅོས་དང་བསྟུན་ནས། པེན་ནེ་སྡེ་བའི་ཐོན་ལས་སྒྲིག་གཞི་ཧུར་ཐག་གིས་ལེགས་སྒྲིག་བྱས་ཏེ། ཤིང་ཏོག་ལིས་དང་སྲེའུ་མངར་མོ་སོགས་ཀྱི་ཁྱད་ལྡན་ཤིང་ཏོག་འདེབས་འཛུགས་ཤུགས་ཆེན་སྒོས་འཕེལ་རྒྱས་སུ་བཏང་། 
        ལོ་སར་ལ་ཉེ་བས། ཀྲུའུ་ཅ་ཞིན་གྱིས་རང་ཁྱིམ་གྱི་ལྡུམ་རའི་ཤིང་སྡོང་ལ་སྐྱེས་ལྡན་གྱི་ལུད་བླུགས་ཤིང་སྡོང་ལོ་ཕྱགས་པ། རི་བོང་ལ་ཚོད་དཀར་སྦྱིན་པ་སོགས་ཀྱི་ལས་ལ་བྲེལ་འདུག  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1