སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཝུན་ཁྲོན་རྫོང་དུ་རྟོག་ཞིབ་གནང་བ།

གངས་ལྗོངས་ཉི་གཞོན་དྲ་བ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-13


        སྤྱི་ཟླ་2པའི་ཚེས་12ཉིན་གྱི་སྔ་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཝུན་ཁྲོན་རྫོང་ཡིང་ཞིའུ་གྲོང་བརྡལ་དུ་ཕེབས་ནས་རྟོག་ཞིབ་གནང་། ཞོན་ཁུའུ་སློབ་འབྲིང་གི་ཤུལ་རྗེས་སུ་ཕེབས་སྐབས་ཁོང་གིས་ཝུན་ཁྲོན་ས་འགུལ་ཆེན་མོའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་དང་གནོད་སེལ་རྒུད་སྐྱོབ་ཁྲོད་སྐུ་གཤེགས་པའི་དཔའ་བོ་རྣམས་ལ་མེ་ཏོག་ཕུལ་བར་མ་ཟད་གུས་འདུད་ལན་གསུམ་ཞུས། ཁོང་གིས་ངེས་པར་དུ་ས་འགུལ་ཤུལ་རྗེས་ལ་སྲུང་སྐྱོབ་བྱས་ཏེ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་གལ་ཆེན་ཞིག་ཏུ་བསྐྲུན་དགོས་ཞེས་མཛུབ་སྟོན་གནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཡིང་ཞིའུ་གྲོང་བརྡལ་དུ་ཕེབས་རྗེས་ཁོང་གིས་ས་ཡོམ་རྗེས་ཀྱི་ལོ་ངོ་བཅུའི་འཕེལ་རྒྱས་བསྐྱར་དར་གྱི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་། ཇའི་ཐོན་ལས་འཕེལ་རྒྱས་སུ་བཏང་ནས་མང་ཚོགས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པའི་གནས་ཚུལ་ལ་རྒྱུས་ལོན་གནང་ནས་སྐུ་དངོས་ཀྱིས་བོད་ཇ་དཀྲུག་པ་དང་། གཞན་ད་དུང་དམངས་གཉེར་ཟ་ཁང་དུ་བཅར་ནས་དམངས་ཀྱི་འཚོ་ཚིས་ལ་དོ་སྣང་དང་ཐུགས་ཁུར་མཛད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1