«ཤེས་བྱའི་ཐོན་དངོས་བདག་དབང་འདྲི་གཅོད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་གསར་གཏོད་གནད་དོན་རབ་དང་རིམ་པར་གཙིགས་འཛིན་བྱེད་པའི་སྐོར་གྱི་བསམ་འཆར»པར་འགྲེམ་བྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 03-01



        ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས«ཤེས་བྱའི་ཐོན་དངོས་བདག་དབང་འདྲི་གཅོད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་གསར་གཏོད་གནད་དོན་རབ་དང་རིམ་པར་གཙིགས་འཛིན་བྱེད་པའི་སྐོར་གྱི་བསམ་འཆར»དཔར་ནས་བཀྲམ་པར་མ་ཟད་བརྡ་ཐོ་བཏང་སྟེ་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་དོན་དངོས་དང་སྦྲེལ་ནས་དེ་ལག་ལེན་མཐར་ཕྱིན་བྱེད་དགོས་པའི་རེ་བ་བཏོན།
        «བསམ་འཆར»ལས་བཀོད་དོན། ཤེས་བྱའི་ཐོན་དངོས་བདག་དབང་འདྲི་གཅོད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་གསར་གཏོད་ལ་ཤུགས་སྣོན་པ་དང་། ཤེས་བྱའི་ཐོན་དངོས་བདག་དབང་གི་གཏུག་བཤེར་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ་རྨང་གཞིར་བརྩིས་ཏེ། ཤེས་བྱའི་ཐོན་དངོས་བདག་དབང་གི་ཁྲིམས་ཁང་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་པ་གཙོ་བོར་འཛིན་པ་དང་། ཤེས་བྱའི་ཐོན་དངོས་བདག་དབང་གི་འདྲི་གཅོད་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པར་འགན་སྲུང་བྱས་ནས། ཤེས་བྱའི་ཐོན་དངོས་བདག་དབང་གི་འདྲི་གཅོད་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་བ་དང་། ཤེས་བྱའི་ཐོན་དངོས་བདག་དབང་གི་ཁྲིམས་འཛིན་སྲུང་སྐྱོབ་ཤུགས་ཚད་ཇེ་ཆེར་བཏང་སྟེ། ཤེས་བྱའི་ཐོན་དངོས་བདག་དབང་ལ་གནོད་འཚེ་གཏོང་བར་ནུས་ཡོད་སྒོས་བཀག་འགོག་བྱེད་པ་དང་། ཤེས་བྱའི་ཐོན་དངོས་བདག་དབང་ཁྱབ་ཁོངས་ཀྱི་ཁྲིམས་འཛིན་གྱི་སྤྱིའི་ཡིད་རྟོན་ཤུགས་དང་རྒྱལ་སྤྱིའི་ཤུགས་རྐྱེན་སྔར་ལས་ཇེ་ཆེར་བཏང་སྟེ། ཤེས་བྱའི་ཐོན་དངོས་བདག་དབང་གི་འདྲི་གཅོད་མ་ལག་དང་འདྲི་གཅོད་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་མྱུར་དུ་སྐུལ་འདེད་གཏོང་དགོས། 
        «བསར་འཆར»ལས་ད་རུང་ཤེས་བྱའི་ཐོན་དངོས་བདག་དབང་གི་གཏུག་བཤེར་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཤེས་བྱའི་ཐོན་དངོས་བདག་དབང་གི་ཁྲིམས་ཁང་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཤེས་བྱའི་ཐོན་དངོས་བདག་དབང་གི་འདྲི་གཅོད་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་པ། རྩ་འཛུགས་དང་འགོ་ཁྲིད་ལ་ཤུགས་སྣོན་པ་བཅས་ཐད་ཀྱི་བྱ་བར་རེ་བ་དངོས་བཏོན།‘’


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1