༄༅།།ཡེ་ཤེས་རྒྱ་མཚོ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མཚོ་སྔོན་པོ་དྲ་བ། སྤེལ་དུས། 08-13


      ཡེ་ཤེས་རྒྱ་མཚོ་ནི༡༩༤༡ལོར་གཞས་དང་ལྷ་མོ་ཟློས་གར་གྱི་ཁྱིམ་ཚང་ཞེས་མཚན་སྙན་ཡོད་པའི་འབའ་ཐང་གི་ཁྱིམ་ཚང་ཞིག་ཏུ་འཁྲུངས། ས་གནས་དེ་གའི་ཕུན་སུམ་ཚོགས་པའི་རིག་གནས་སྒྱུ་རྩལ་གྱིས་ཡེ་ཤེས་རྒྱ་མཚོ་ཉིད་མི་རིགས་རིག་གནས་སྒྱུ་རྩལ་གྱི་ལམ་བུའི་ཐོག་བསྐྱོད་པར་ཤུགས་རྐྱེན་ཡག་པོ་ཞིག་ཐེབས་ཡོད།
      ༡༩༥༨ལོར་ལས་ཞུགས་བྱེད་མ་ཐག་པའི་ཡེ་ཤེས་རྒྱ་མཚོ་ཉིད་ལྷོ་ནུབ་མི་རིགས་སློབ་གླིང་གི་རྒྱ་ཡིག་ཚན་ཁག་གི་སྒྱུ་རྩལ་འཛིན་གྲྭར་སློབ་སྦྱོང་བྱེད་ཞོར་དུ་ཞབས་བྲོ་དང་རོལ་མོའི་གཞུང་ལུགས། འཁྲབ་སྟོན། མཛེས་རྩལ་སོགས་སློབ་ཚན་ལ་སློབ་གཉེར་བྱས་མཐར། ཕྱིན་ཆད་ཁོང་རང་མི་རིགས་རིག་གནས་དང་སྒྱུ་རྩལ་དར་སྤེལ་གཏོང་བར་ཆ་རྐྱེན་ཡག་པོ་ཞིག་བསྐྲུན་ཡོད། ༡༩༦༢ལོར་སློབ་མཐར་ཕྱིན་རྗེས་ཡེ་ཤེས་རྒྱ་མཚོ་འབའ་ཐང་རྫོང་རིག་གནས་ཁང་དུ་ལས་བགོས་བྱས་ཏེ་གཙོ་བོར་མང་ཚོགས་རིག་གནས་ཀྱི་ལས་ཀ་བསྒྲུབས། དུས་དེ་ནས་བཟུང་ཁོང་གིས་དམངས་ཁྲོད་རིག་གནས་སྒྱུ་རྩལ་རྒྱུད་འཛིན་དང་དར་སྤེལ་གཏོང་བའི་ལམ་བུ་ཐོག་སྐྱོད་འགོ་བརྩམས།
༡༩༦༤ལོར་ཁོང་གིས་ཡིག་བསྒྱུར་དང་འཁྲབ་ཁྲིད་བྱས་པའི་དེང་རབས་ཀྱི་ལྷ་མོ་ཟློས་གར་ཨང་དང་པོ་<<སྟོན་བསྡུ་དུས་སྐབས>>ལ་དམིགས་བསལ་ཅན་གྱི་བྱ་དགའ་ཐོབ། ༡༩༨༠ལོར་ཞིང་ཆེན་མི་རིགས་དོན་གཅོད་ཨུ་ལྷན་གྱིས་ཁྲེང་ཏུའུ་གྲོང་ཁྱེར་གྱི་ཟློས་གར་ཚོགས་སར་གདན་འདྲེན་ཞུས་པ་ལྟར།། ཡེ་ཤེས་རྒྱ་མཚོ་བྲོ་གར་ཆེ་གྲས་<<མེ་ཏོག་ལྷ་མོ>>རོལ་དབྱངས་དང་བྲོ་གར་གསར་རྩོམ་བྱེད་སའི་ནང་དུ་ཞུགས་ཡོད།བྲོ་གར་འདིར་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པ། འཇར་པན་རྒྱལ་སྤྱིའི་བྲོ་གར་འཁྲབ་བ་བཅས་ཀྱི་བྱ་དགའ་ཐོབ།
      འབའ་གཞས་དང་བྲོ། ལྷ་མོ་ཟློས་གར། དམངས་ཁྲོད་ཀྱི་སྒྱུ་རྩལ་གཞན་དག་བཅས་མྱུར་སྐྱོབ་དང་རྒྱུད་འཛིན། འཕེལ་རྒྱས་གཏོང་བ་སོགས་ཀྱི་ཐད་བརྩོན་པ་དྲག་པོ་བྱས་པར་བརྟེན། བོད་ཀྱི་ཕུན་སུམ་ཚོགས་པའི་རིག་གནས་དར་སྤེལ་གཏོང་བར་བྱས་རྗེས་བླ་ན་མེད་པ་བཞག་ཡོད། ༡༩༨༤ལོར་ཁོང་གིས་འབའ་གཞས་ཞིབ་འཇུག་བྱས་ནས་གསར་རྩོམ་བྱས་པའི་ཆེད་རྩོམ<<ངས་འབའ་གཞས་ལ་འཛིན་པའི་ལྟ་སྟངས>>དེ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཡུལ་སྐོར་ལྗོངས་རྒྱུར་བརྟེན་ནས་ཁུལ་དར་སྤེལ་གཏོང་བའི་ཁམས་པ་རིག་གནས་ཞིབ་འཇུག་གྲོས་བསྡུར་ཚོགས་འདུའི་ནང་ཞུགས་པའི་ཆེད་རམས་པ་དང་འགོ་ཁྲིད་རྣམས་ཀྱི་གདེང་འཇོག་མཐོན་པོ་ཐོབ། ༡༩༩༣ལོར་ཡེ་ཤེས་རྒྱ་མཚོས་རྒྱལ་ཁབ་རིམ་པའི་སྒྱུ་རྩལ་གྱི་ཚན་རིག་ཞིབ་འཇུག་གི་རྣམ་གྲངས་གཙོ་བོ<<ཀྲུང་གོ་དམངས་ཁྲོད་རིག་རྩལ་ཕྱོགས་བསྒྲིགས་སི་ཁྲོན་གྱི་དེབ>>ཀྱི་ནང་འབའ་གཞས་ཀྱི་དཔྱད་གཞིའི་རིག་རིགས་འབྲི་གནང་བའི་ཕྱག་རྗེས་མངོན་གསལ་དོད་པོ་བཞག་པའི་རྐྱེན་གྱིས་ཞིང་ཆེན་དྲིལ་བསྒྲགས་པུའུ་དང་ཞིང་ཆེན་རིག་གནས་ཐིང་སོགས་སྡེ་ཚན་དྲུག་གིས་མཉམ་འབྲེལ་བྱས་ནས་ཁོང་ལ་གསར་རྩོམ་གྱི་བྱ་དགའ་རིམ་པ་གཉིས་པ་གནང་ཡོད། ཁོང་གིས་ཇུས་འགོད་དང་གསར་རྩོམ། འཁྲབ་ཁྲིད་བཅས་མཛད་པའི་བརྙན་འཕྲིན་གྱི་སྒྱུ་རྩལ་པར་གཞི<<འབའ་གཞས་>>ཉིད་སྒྱུ་རྩལ་ལས་རིགས་ཀྱི་ཞིབ་འཇུག་དང་མི་རྣམས་ཀྱི་དགའ་བའི་སྒྱུ་རྩལ་གྱི་དངོས་པོ་རྩ་ཆེན་ཞིག་ཏུ་གྱུར།
     ཡེ་ཤེས་རྒྱ་མཚོ་མི་ཚེ་ཧྲིལ་པོར་བོད་ཀྱི་དམངས་ཁྲོད་རིག་གནས་དར་སྤེལ་བཏང་བ་དང་ཆབས་ཅིག   སྔོན་རྗེས་སུ་རིག་རྩལ་གྱི་རྐང་འཛིན་པ་རིམ་པ་གསོ་སྦྱོང་བྱས་ཡོད། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་འཁྲབ་སྟོན་པ་བདེ་སྐྱིད་མེ་ཏོག་ནི་ཁོང་གིས་གསོ་སྐྱོང་བྱས་རྗེས་ཆེད་ལས་སློབ་གླིང་དུ་རྒྱུགས་འཕྲོད་ནས་རིམ་བཞིན་སྙན་གྲགས་ལྡན་པའི་བོད་རིགས་གླུ་མ་ཞིག་ཏུ་འཚང་ལོངས་བྱུང་བར་མ་ཟད། ཁོང་གིས་གསོ་སྦྱོང་བྱས་པའི་རིག་རྩལ་རྐང་འཛིན་པ་དུ་མ་ཞིག་ཁུལ་ཡོངས་ཀྱི་ས་གནས་ཁག་ཏུ་མི་རིགས་ཀྱི་རིག་གནས་དར་སྤེལ་དང་རྒྱུན་འཛིན་བྱེད་བཞིན་ཡོད་པ་རེད།
     མི་ཚེ་ཧྲིལ་པོར་འབད་བརྩོན་ལྷོད་མེད་ཀྱིས་བོད་ཀྱི་དམངས་ཁྲོད་ཀྱི་སྒྱུ་རྩལ་ཞིབ་འཇུག་དང་རྒྱུད་འཛིན། གསར་སྐྲུན་བཅས་བྱས་པར་གཞས་ཀྱི་ཕ་ཡུལ་གྱི་དམངས་ཁྲོད་ཀྱི་གཞས་བྲོའི་གཞས་བྲོའི་སྒྱུ་རྩལ་དེ་འཛམ་གླིང་ཡོངས་སུ་ཕུལ་བའི་མི་དམངས་ཀྱིས་དགའ་བའི་སྒྱུ་རྩལ་པ་དགེ་རྒན་ཡེ་ཤེས་རྒྱ་མཚོ་ཉིད༢༠༠༠ལོའི་ཟླ་བ༩པར་རྐྱེན་ངན་ནད་ཀྱིས་མནར་ནས་གཏན་དུ་མི་ཡུལ་དང་བྲལ། ཡིནའང་ཁོང་གིས་མི་རིགས་རིག་གནས་སྒྱུ་རྩལ་ཐད་ལ་བཞག་པའི་བྱས་རྗེས་ནི་ཇི་སྲིད་བསྐལ་བརྒྱ་བར་དུ་མི་ཉམས་པ་དང་། མི་རྣམས་ཀྱིས་དུས་གཏན་དུ་བོད་རིགས་སྒྱུ་རྩལ་ལས་དོན་དར་སྤེལ་གཏོང་མཁན་ཡེ་ཤེས་རྒྱ་མཚོ་བརྗེད་སྲིད་རྒྱུ་མ་རེད།   
 


རྩོམ་ཡིག་སྔོན་མ།
༄༅།།ཆོས་རྒྱ་མཚོ།
རྩོམ་ཡིག་རྗེས་མ།
༄༅།།དཔལ་མགོན།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1