གཟི་ཚ་སྡེ་དགུ་མཛེས་ལྗོངས་ཁུལ་དུ་ས་ཡོམ་རྗེས་ཀྱི་ཡུལ་སྐོར་བ་ཐོག་མ་སླེབས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-12


      ཟླ་བ་བདུན་རིང་གི་བསྐྱར་སྐྲུན་ལས་དོན་བསྒྲུབས་རྗེས། ཟླ་3ཚེས་8ཉིན་གྱི་སྔ་དྲོར། ས་ཡོམ་དབང་གིས་སྒོ་བརྒྱབ་པའི་སི་ཁྲོན་ཞིང་ཆེན་གྱི་གཟི་ཚ་སྡེ་དགུའི་མཛེས་ལྗོངས་ཁུལ་ཡང་བསྐྱར་ཕྱི་རོལ་ལ་སྒོ་འབྱེད་འགོ་ཚུགས་པ་རེད། 
      གཟི་ཚ་སྡེ་དགུའི་མཛེས་ལྗོངས་ཁུལ་དོ་དམ་ཅུས་ཀྱི་ལས་སྒྲུབ་མི་སྣ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། མཛེས་ལྗོངས་ཁུལ་དུ་དུས་ཚོད་ཆ་བགོས་ངང་སྒོ་འབྱེད་པ་སྟེ། ཉིན་རེའི་ཆུ་ཚོད་8:00ནས་ཆུ་ཚོད་17:00བར་ཕྱི་རོལ་ལ་སྒོ་འབྱེད་པ་རེད། དུས་མཚུངས་སུ། མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་བའི་གྲངས་ཀ་ཚོད་འཛིན་བྱས་ཏེ་ཉིན་རེའི་སྣེ་ལེན་བྱེད་གྲངས་མི་2000ཙམ་ཡིན་པ་རེད། སྣེ་ལེན་བྱ་ཡུལ་ནི་ཡུལ་སྐོར་ལས་དོན་ཁང་གིས་རྩ་འཛུགས་བྱས་པའི་ཚོགས་པའི་ཡུལ་སྐོར་བ་ཡིན་དགོས་པ་མ་ཟད། ཡུལ་སྐོར་ལས་དོན་ཁང་གིས་ངེས་པར་དུ་ཡུལ་སྐོར་བར་གློ་བུར་དོན་རྐྱེན་འགན་བཅོལ་ཉོ་དགོས་པ་རེད། གནས་སྐབས་སུ། ཐར་ཐོར་སྒེར་འགྲོ་ཅན་གྱི་ཡུལ་སྐོར་བ་སྣེ་ལེན་མི་བྱེད་པ་རེད། དྲ་ཐོག་ནས་མངག་ཉོ་བྱས་པའི་གཞི་གྲངས་ལས་གསལ་བ་ལྟར་ན། ས་ཡོམ་རྗེས་ཀྱི་ཡུལ་སྐོར་བ་ཐེངས་དང་པོ་ལ་ཁྱོན་བསྡོམས་མི་632ཡོད་པ་རེད། རྔ་བ་ཡུལ་སྐོར་དྲ་ཚིགས་ཀྱི་དུས་ཐོག་སྤ་སེ་ཉོ་སྒྲུབ་བརྡ་འཕྲིན་དུ་གསལ་བ་ལྟར་ན། ཟླ་3ཚེས་7ཉིན་གྱི་ཆུ་ཚོད་17:00བར་དུ། གཟི་ཚ་སྡེ་དགུའི་མཛེས་ལྗོངས་ཁུལ་གྱི་ཚེས་8ཉིན་གྱི་ཡུལ་སྐོར་སྤ་སེ་632བཙོངས་ཡོད་པ་དང་། ཚེས་9ཉིན་གྱི་ཡུལ་སྐོར་སྤ་སེ་559བཙོངས་ཡོད་པ། ཚེས་10ཉིན་གྱི་ཡུལ་སྐོར་སྤ་སེ་319བཙོངས་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1