ཡུལ་སྨད་ཤང་སྐལ་བཟང་མེ་ཏོག་བཞིན་མཛེས་སྡུག་ལྡན་པ་ཞིག་ཏུ་བསྐྲུན་རྒྱུ་ཡིན་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-13


      "ང་ཚོས་ཅ་ལག་ཉོ་སྐབས་ཁ་པར་བཀོལ་ནས་དངུལ་སྤྲད་ན་འགྲིག་གི་རེད"ཅེས་བོད་རང་སྐྱོང་ལྗོངས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་ཡུལ་སྨད་གྲོང་ཚོའི་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་སྒྲོལ་དཀར་གྱིས་བོད་སྐད་ཐོག་ནས་ཕ་ཡུལ་གྱི་འགྱུར་ལྡོག་བརྗོད་ཡོད་པ་རེད།
     གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པ་དང་། གྲོང་ཚོའི་ནང་གློག་ཤར་གཏོང་ཐུབ་པ། ཁང་པ་གསར་པ་བརྒྱབ་ཡོད་པ། སྒྲོལ་དཀར་གྱིས་བལྟས་ན་ཕ་ཡུལ་ལ་གནམ་ས་བླ་འོག་ལྟ་བའི་འགྱུར་ལྡོག་བྱུང་བཞིན་ཡོད་པ་རེད།
     ཡུལ་སྨད་ཤང་ནི་ཀྲུང་གོའི་མི་འབོར་ཉུང་ཤོས་ཀྱི་ཤང་གྲས་ཤིག་ཡིན་ཞིང་། སྒྲོལ་དཀར་གྱི་ཨ་ཕས་ཁོ་མོ་དང་གཅུང་མོ་ཁྲིད་ནས། ཁྱིམ་མི་གསུམ་པོས་ཕྱུགས་འཚོ་བཞིན་མཐའ་མཚམས་སྲུང་སྟེ། ཡུལ་སྨད་ཤང་དུས་རབས་ཕྱེད་ཀ་ལྷག་ཙམ་སྲུང་སྐྱོང་བྱས་པ་རེད། སྒྲོལ་དཀར་གྱིས"ང་ཚོས་མུ་མཐུད་དུ་མེས་རྒྱལ་མཐའ་མཚམས་ཀྱི་ཙྭ་ཉག་མ་རེ་ལའང་སྲུང་སྐྱོང་ཡག་པོ་བྱེད་ནས། ཡུལ་སྨད་ཤང་སྐལ་བཟང་མེ་ཏོག་བཞིན་མཛེས་སྡུག་ལྡན་པ་ཞིག་ཏུ་བསྐྲུན་རྒྱུར་ཡིད་ཆེས་ཡོད་ཅེས་བརྗོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1