བོད་ལྗོངས་ནག་ཆུ་ས་ཁུལ་གྱིས་གླིང་གེ་སར་རྒྱལ་པོའི་སྒྱུ་རྩལ་པའི་ཁྱིམ་གྱི་སྒོ་བྱང་འགེལ་བའི་མཛད་སྒོ་སྤེལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-14


 

           ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཚེས་10ཉིན་གྱི་ཕྱི་དྲོ། བོད་ལྗོངས་ནག་ཆུ་ས་ཁུལ་གྱིས་འཛམ་གླིང་གི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་གྲས་སུ་གཏོགས་པའི་ནག་ཆུའི་གླིང་གེ་སར་རྒྱལ་པོའི་སྒྱུ་རྩལ་པའི་ཁྱིམ་གྱི་སྒོ་བྱང་འགེལ་བའི་མཛད་སྒོ་སྤེལ།

            བོད་ལྗོངས་ནག་ཆུ་ས་ཁུལ་ནི་གླིང་སྒྲུང་ཁྱབ་གདལ་ཁུལ་གཙོ་བོའི་གྲས་ཤིག་ཡིན་པ་དང༌། སྡོམ་རྩིས་ལ་གཞིགས་ན། འཛམ་གླིང་ཡོངས་སུ་གླིང་སྒྲུང་བཤད་མཁན120 ཡོད་པའི་ནང་། ནག་ཆུ་ཁོ་ནར་མི90ཡོད་པས་གླིང་སྒྲུང་རྒྱུད་འཛིན་རྟེན་གཞིར་གྱུར་བ་རེད། དེང་སྐབས་ནག་ཆུ་ས་ཁུལ་གྱིས་གླིང་སྒྲུང་བཤད་མཁན་ལ་གྲངས་གཞིའི་མཛོད་བཟོས་ཏེ། ཁོང་ཚོས་བཤད་པའི་སྒྲུང་གཏམ་བསྡུ་རུབ་དང་སྒྲ་འཇུག་བྱས་ཡོད།
ནག་ཆུ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་གཞོན་པ་ཨོའུ་དགས། ནག་ཆུའི་གླིང་གེ་སར་རྒྱལ་པོའི་སྒྱུ་རྩལ་པའི་ཁྱིམ་གྱི་སྒོ་བྱང་འགེལ་བའི་མཛད་སྒོ་ནི།སྐབས་འདིའི་བྱང་ཐང་འཆར་ཅན་གེ་སར་རྟ་རྒྱུག་རིག་གནས་ཉོ་ཚོང་ཡུལ་སྐོར་དུས་ཆེན་གྱི་ནང་དོན་གལ་ཆེན་ཞིག་ཡིན་ཞིང༌། དུས་ཆེན་དེ་གེ་སར་རྒྱལ་པོའི་སྒྲུང་གཏམ་སྒྱུ་རྩལ་གྱིས་ནག་ཆུའི་རིག་གནས་མིང་བྱང་གཏོད་པའི་གལ་ཆེའི་སྟེགས་བུ་དང༌། དཀར་ཁུང༌། གཞི་རྟེན་བཅས་སུ་གྱུར་བ་བྱེད་རྒྱུ་རེད་ཅེས་གསུངས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1