དཀར་མཛེས་རྫོང་གིས་གཞི་རིམ་ཏང་འཛུགས་སྐྱོང་གི་རྨང་གཞི་ཇེ་བརྟན་དུ་བཏང་ནས་དབུལ་ཐར་འགག་སྒྲོལ་ལ་སྐུལ་འདེད་བཏང་།

ཀུན་དགས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་གསར་འགྱུར་དྲ་བ། སྤེལ་དུས། 03-22


    དབུལ་ཐར་འགག་སྒྲོལ་ལས་རྒྱལ་ཁ་ཐོབ་པ་ནི་གཙོ་བོ་ཏང་ལ་ཐུག་ཡོད་ཅིང་། དབུལ་ཐར་འགག་སྒྲོལ་གྱི་ལས་དོན་སྤེལ་བ་ནས་བཟུང་དཀར་མཛེས་རྫོང་རི་མགོ་ཤང་གིས་ཏང་འཛུགས་སྐྱོང་ལ་དམ་འཛིན་དང་དབུལ་ཐར་འགག་སྒྲོལ་ལ་དམིགས་ནས་ནུས་ཤུགས་ཡོད་དགུས་གཞི་རིམ་ཏང་འཛུགས་སྐྱོང་གི་རྨང་གཞི་ཇེ་བརྟན་དུ་བཏང་ནས་དབུར་ཐར་ལ་སྣེ་ཁྲིད་བྱས་པའི་བྱེད་ཐབས་སྤེལ་ནས་དབུལ་ཕོངས་ཡིན་ཕྱིན་དབུལ་ཐར་ངོ་མ་ཡོང་བར་བྱས་པ་རེད། 
  དབུལ་ཐར་འགག་སྒྲོལ་གྱི་བཀོད་འདོམས་པུའུ་བཙུགས་ནས་འགན་འཁྲི་དོན་འཁྱོལ་བྱས། 
 ཤང་ཏང་ཨུའི་ཧྲུའུ་ཅི་དང་ཤང་ཀྲང་གིས་འགོ་ཁྲིད་གཙོ་བོ་བྱས་པའི་ཏང་སྐྱོང་ལས་སྒྲུབ་གཞུང་ལས་ཁང་དང་དབུལ་ཐར་འགག་སྒྲོལ་ལས་དོན་ཚོ་ཆུང་གིས་མཉམ་སྒྲུབ་རོགས་རམ་གྱི་ལས་དོན་བསྒྲུབས་ནས་ཏང་འཛུགས་སྐྱོང་གིས་དབུལ་ཐར་ཡོང་བར་སྣེ་ཁྲིད་དང་འགན་ལེན་བྱས་པ་རེད།  2016ལོར་ཤང་ཏང་ཨུས་ཏང་འཛུགས་ཀྱིས་དབུལ་ཐར་སྣེ་ཁྲིད་བྱས་པའི་ཆེད་དོན་འགོ་ཁྲིད་ཚན་པའི་ཚོགས་འདུ་ཐེངས་བརྒྱད་དང་དབུལ་ཐར་འགག་སྒྲོལ་ལས་དོན་གྲོས་ཚོགས་ཐེངས13འཚོགས་ཡོད་ཅིང་།  གཟའ་འཁོར་གཉིས་རེར་དབུལ་ཐར་འགག་སྒྲོལ་གྱི་ལས་དོན་སྐུལ་འདེད་ཚོགས་འདུ་འཚོགས་ནས་ཏང་ཨུ་འགོ་ཁྲིད་ཚན་པས་དབུལ་ཐར་འགག་སྒྲོལ་གྱི་ལས་ཀ་དམ་བཟུང་དང་བྱ་སྤྱོད་ཐོག་དོན་འཁྱོལ་བྱ་དགོས་པའི་བླང་བྱ་བཏོན་པ་རེད། 

རི་མགོ་ཤང་ཏང་ཨུས་ས་གནས་ས་ཐོག་ཏུ་བརྟག་ཞིབ་ཐེངས་མང་བྱས་མཐར་སྔ་གཞུག་ཏུ《རི་མགོ་ཤང་དབུལ་ཐར་འགག་སྒྲོལ་གྱི་ལས་དོན་འཆར་འགོད།》དང《 རི་མགོ་ཤང་ཏང་འཛུགས་སྐྱོང་གིས་དབུལ་ཐར་ལ་སྣེ་ཁྲིད་བྱེད་པའི་ལས་ཀའི་འཆར་འགོད།》 《 རི་མགོ་ཤང་ཏང་ཡོན་གྱི་དཔེ་སྟོན་ལས་གཞིའི་འཆར་འགོད།》 《 རི་མགོ་ཤང་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཇུས་གཞི།》སོགས་གཏན་འབེབས་བྱས་ནས་གཅིག་གྱུར་འཆར་འགོད་ཀྱིས་ཏང་ཡོན་གྱི་དཔེ་སྟོན་ལས་གཞི་དང་གྲོང་སྡེའི་ཐུན་མོང་དཔལ་འབྱོར་ལས་གཞི་འཛུགས་སྐྲུན། ཐོན་ལས་འཕེལ་རྒྱས་ཀྱི་རྣམ་གྲངས་ཆུང་བ་བཅས་ལག་བསྟར་བྱས་ནས་གྲོང་སྡེའི་ཐུན་མོང་དཔལ་འབྱོར་དང་དབུལ་ཕོངས་དུད་ཚང་གི་ཡོང་འབབ་འཕར་སྣོན་བཏང་བ་རེད། 

  རྩ་འཛུགས་ནུས་པ་མཐོ་རུ་བཏང་ནས་དབུལ་ཐར་འགག་སྒྲོལ་གྱི་རྨང་གཞི་བརྟན་པོར་བཙུགས། 
 ཤང་དེས་གཞི་རིམ་ཏང་ཡོན་ལས་བྱེད་པའི་ལས་ཀའི་ཁོར་ཡུག་ལ་ཚད་མཐོའི་མཐོང་ཆེན་བྱས་པ་དང་། རྫོང་ཨུ་དང་རྫོང་སྲིད་གཞུང་། རྫོང་ཨུའི་རྩ་འཛུགས་པུའུ།  རྫོང་དབུལ་སྐྱོར་གནས་སྤོས་ཡུལ་མི་ཅུས་སོགས་ཀྱི་དེའི་སྐོར་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་རེད།  དངོས་གནས་དྲང་གནས་ཀྱིས་གཞི་རིམ་ཏང་ཡོན་ལས་བྱེད་པ་ལ་བདེ་འཇགས་དང་བག་ཕེབས་ཀྱི་ལས་ཀའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ནས་གཞི་རིམ་ཏང་ཡོན་ཚོ་སེམས་བདེ་བློ་བདེ་ངང་དབུལ་ཐར་འགག་སྒྲོལ་གྱི་ལས་དོན་ཁྲོད་ཞུགས་བཅུག་པ་རེད། ད་དུང་གྲོང་སྡེའི་ཏང་ཀྲི་པུའུ་ཡིས་མི་དམངས་ལ་བྱ་དངོས་སྒྲུབ་པའི་རྩིས་གཞིའི་ལམ་ལུགས་བཙུགས་ནས་ཟླ་རེར་དུས་བཅད་ལྟར་ཏང་ཡོན་ལས་བྱེད་པའི་ལས་དོན་གྲོས་ཚོགས་འཚོགས་པ་དང་གྲོང་སྡེའི་ཏང་ཀྲི་པུའུ་ཡིས་ཟླ་རེའི་ལས་དོན་སྤེལ་ཚུལ་སྙན་སེང་ཞུས་པ་རེད། 
 དཔེ་སྟོན་སྣེ་ཁྲིད་བྱས་ཏེ་དབུལ་ཐར་འགག་སྒྲོལ་གྱི་འགོ་འཛིན་མི་སྣ་ཡག་པོ་བྱ་དགོས། 

རི་མགོ་ཤང་གིས་གཞི་རིམ་ལས་བྱེད་པས་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཕྱུག་པོས་དབུལ་པོ་ཁྲིད་དེ་ཕྱུག་པོར་ཆགས་པར་རྒྱུར་སྐུལ་འདེད་བཏང་ཞིང་། ཏང་ཡོན་གྱི་དཔེ་སྟོན་དུད་ཚང་གཏན་འཁེལ་དང་ཏང་ཡོན་དཔེ་སྟོན་དུད་ཚང་གིས་དབུལ་ཕོངས་དུད་ཚང་ལ་སྣེ་ཁྲིད་བྱེད་པའི་བྱེད་སྟངས་སྤེལ་ནས་དབུལ་ཕོངས་དུད་ཚང་ལ་དབུལ་ཐར་གྱི་ལམ་བུ་གསར་པ་ཞིག་བསྐྲུན་པ་རེད།  

སྣེ་ཁྲིད་ནུས་པ་འདོན་སྤེལ་བྱ་ཆེད། ཤང་ཏང་ཨུ་སྲིད་གཞུང་གིས་དངོས་གྲུབ་མགྲོན་ཁང་དང་མཉམ་ལས་བྱས་ནས་མི་དམངས་མང་ཚོགས་ལ་རིན་པ་མི་དགོས་པར་ཡུལ་མི་སྣེ་ལེན་གྱི་ཤེས་བྱ་གསོ་སྦྱོང་བྱས་ཏེ་ཉམས་མྱོང་བརྒྱུད་སྤེལ་དང་ཐབས་ལམ་འཚོལ་ཞིབ། དཔེ་སྟོན་སྣེ་ཁྲིད་བཅས་བྱས་ནས་མང་ཚོགས་ལ་ཡོང་འབབ་འཕར་སྣོན་གྱི་རེ་བ་དང་སྤོབས་པ་བསྣན་པ་རེད། 

 དངོས་ཡོད་གནས་ཚུལ་དང་བསྟུན་ནས་དབུལ་ཐར་འགག་སྒྲོལ་གྱི་ཕྱུག་འགྱུར་ཉམས་མྱོང་སྤེལ། 
 འབབ་འཕར་ཕྱུག་འགྱུར་ཡོང་བ་བྱ་དགོས་ན་ཐོག་མར་ཐོན་ལས་ཡག་པོར་སྤེལ་བ་ནི་གནད་འགག་ཅིག་ཡིན་ཞིང་།  རི་མགོ་ཤང་ཏང་ཨུ་སྲིད་གཞུང་གིས་ཐོན་ཁུངས་ལེགས་ཆ་འདོན་སྤེལ་གང་ལེགས་དང་ཡུལ་བབ་དང་བསྟུན་ནས་དགེ་མཚན་ལྡན་པའི་ཁྱད་ལྡན་ཐོན་ལས་སྤེལ་ནས་གྲོང་སྡེའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་སྐྱེད་བཏང་བ་རེད། དབུལ་ཐར་འགག་སྒྲོལ་གྱི་སྤུས་ཚད་དང་ཕན་འབྲས་ཀྱང་བཟང་པོར་ཐོབ་ཡོད་ཅིང་།  དུས་མཚུངས་སུ་མཐའ་སྐོར་གྱི་ཁོར་ཡུག་བཟང་པོར་བརྟེན་ནས་ཡུལ་སྐོར་བས་ངལ་གསོ་བྱེད་ས་དང་པར་རྒྱག་ས་སོགས་ཞབས་ཞུ་ཁུལ་བཙུགས་ནས་ཡུལ་སྐོར་བར་སྣེ་ལེན་བྱས་ཏེ་ཡོང་འབབ་ཡག་པོ་རག་ཡོད་པ་རེད།།



རྩོམ་ཡིག་སྔོན་མ།
རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1