སི་ཁྲོན་གྱིས་ད་ལོར་ཕུལ་བྱུང་གི་མཐར་ཕྱིན་སློབ་མ་1220གཞི་རིམ་དུ་བྱ་བ་སྒྲུབ་པར་བདམས་གསེས་སྐོང་འཐེན་བྱ་རྒྱུ་ཡིན་པ།

མཁའ་འགྲོ་མཚོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-26



        ད་ལོར་སི་ཁྲོན་ཞིང་ཆེན་གྱིས་ཕུལ་བྱུང་གི་མཐར་ཕྱིན་སློབ་མ་1220གཞི་རིམ་དུ་བྱ་བ་སྒྲུབ་པར་བདམས་གསེས་སྐོང་འཐེན་བྱ་རྒྱུ་ཡིན་པ་དང་། དེའི་ཁྲོད་དུ་དབུལ་ཕོངས་རྫོང་དུ་བདམས་གསེས་སྐོང་འཐེན་བྱེད་པའི་མི་གྲངས་888ཡོད་པ་རེད། 
གནས་ཚུལ་རྒྱུས་ལོན་པ་ལྟར་ན། བདམས་གསེས་སྐོང་འཐེན་མི་སྣའི་ཁྱབ་ཁོངས་སུ། འཛམ་གླིང་གི་སློབ་གྲྭ་རྩེ་གྲས་དང་རིག་ཚན་རྩེ་གྲས་འཛུགས་སྐྱོང་བྱས་ཡོད་པའི་མཐོ་སློབ་དང་སི་ཁྲོན་དུ་ཡོད་པའི་པུའུ་ཨུའི་ཁོངས་གཏོགས་དང་དེ་མིན་སི་ཁྲོན་ཞིང་ཆེན་གྱི་ས་གནས་ཁོངས་གཏོགས་ཀྱི་མཐོ་སློབ། ལྷོ་ནུབ་སྲིད་ཁྲིམས་སློབ་ཆེན་གྱི་2018ལོར་སློབ་མཐར་ཕྱིན་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་དངོས་གཞི་དང་དེ་མིན་དེའི་ཡན་གྱི་བསླབ་གནས་ཡོད་པ་དང་། ཡོན་ཚད་ཀྱི་ཐོབ་ཐང་ཡོད་པའི་ལོ་འདིའི་མཐར་ཕྱིན་སློབ་མ་དང་།གཞན་པའི་སྤྱིར་བཏང་གི་མཐོ་རིམ་སློབ་གྲྭ་དང་ཞིང་ཆེན་རིམ་པ་ཡན་གྱི་ཏང་གི་སློབ་གྲྭ སྲིད་འཛིན་སློབ་གླིང་སོགས་2018ལོར་སློབ་མཐར་ཕྱིན་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་ཞིབ་འཇུག་སློབ་མ་དང་དེའི་ཡན་གྱི་བསླབ་གནས་དང་ཡོན་ཚད་ཀྱི་ཐོབ་ཐང་ཡོད་པའི་མཐར་ཕྱིན་སློབ་མ་བཅས་འདུས་པ་རེད། དེ་མིན་ཆ་རྐྱེན་དང་འཚམས་པའི་སློབ་མ་རྣམས་སི་ཁྲོན་ནས་སློབ་ཆེན་སློབ་མའི་སྡེ་དཔོན་དང་རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་གྲྭའི་དགེ་རྒན་གྱི་དམིགས་འཛུགས་ལས་གནས་ཡི་མི་སྣ་སོགས་ཀྱིས་ཀྱང་མིང་ཐོ་འགོད་ཆོག་པ་རེད།
        བླང་བྱ་གཞིར་བཟུང་།ལོ་འདིའི་མཐར་ཕྱིན་སློབ་མ་རྣམས་ལ་ངེས་པར་དུ་མཐོ་རིམ་སློབ་གྲྭས་ཆབ་སྲིད་ཀྱི་བསམ་བློ་དང་། ཀུན་སྤྱོད། བསླབ་བྱའི་སྦྱངས་འབྲས། འགན་འཁྲིའི་འདུ་ཤེས་དང་། རྩ་འཛུགས་ཀྱི་སྒྲིག་ལམ་སོགས་ཀྱི་གནས་ཚུལ་ལ་ནན་ཏན་གྱིས་ཞིབ་བཤེར་བྱས་རྗེས་ད་གཟོད་མཚམས་སྦྱོར་བྱ་དགོས།གཞི་རིམ་ལ་ཞབས་ཞུ་སྒྲུབ་པའི་མི་སྣ་ཡིས་ངེས་པར་དུ་རྣམ་གྲངས་འཛུགས་སྐྱོང་གི་གཙོ་གཉེར་སྡེ་ཁག་ལ་ཞབས་ཞུ་སྒྲུབ་པ་དང་། ཏང་རྩ་འཛུགས་སྡེ་ཁག་གིས་ཚད་གཞི་ལྟར་ཞིབ་བཤེར་ནན་ཏན་བྱས་རྗེས་མཚམས་སྦྱོར་བྱ་ཆོག   འབྲེལ་ཡོད་ཕྱོགས་ཀྱིས་མཚམས་སྦྱོར་བྱེད་པར་མོས་མཐུན་བྱུང་བ་དང་། ཆ་རྐྱེན་དང་འཚམས་པའི་སློབ་ཆེན་མཐར་ཕྱིན་སློབ་མའི་ཟླ་འདིར་དྲྭ་ཐོག་ནས་མིང་ཐོ་འགོད་ཆོག་པ་རེད།
        ལོ་སྔོན་མ་དག་དང་བསྡུར་ན། ད་ལོར་དབུལ་ཕོངས་རྫོང་ལ་ཁ་གཏད་དེ་བདམས་གསེས་སྐོང་འཐེན་བྱ་རྒྱུ་ཡིན་ལ། དབུལ་ཕོངས་རྫོང་དུ་བདམས་གསེས་སྐོང་འཐེན་བྱེད་པའི་མི་གྲངས་888ཡོད་ཅིང་། དབུལ་ཕོངས་རྫོང་དུ་བདམས་གསེས་སྐོང་འཐེན་བྱེད་པའི་གཞི་རྒྱ་དང་མི་གྲངས་གི་བསྡུར་ཚད་དེ་ལོ་སྔོན་མ་དག་དང་བསྡུར་ན་ཆེས་མཐོ་ཤོས་ཡིན་ལ། མི་སྣ་བསྡུ་ལེན་བྱས་པ་རྣམས་གཞི་རྩའི་ཐོག་སྒྲིག་གཞིའི་ལས་གནས་སྟོང་བར་ཡོད་པའི་ཤང་དང་གྲོང་རྡལ་དུ་བྱ་བ་བཀོད་སྒྲིག་བྱ་རྒྱུ་ཡིན་པར་མ་ཟད། ཤང་དང་གྲོང་རྡལ་དུ་མ་མཐར་ཡང་ལོ་ལྔ་ལ་བྱ་བ་སྒྲུབ་དགོས།
        ཆེད་ལས་ཀྱི་ཕྱོགས་སུ་སི་ཁྲོན་གྱི་གྲོང་ཁྱེར་དང་ཁུལ་མི་འདྲ་བའི་ཐོན་ལས་བཀོད་སྒྲིག་བྱས་ཚུལ་དང་། འཕེལ་རྒྱས་ཀྱི་འཆར་འགོད་དང་དངོས་ཡོད་ཀྱི་དགོས་མཁོ་ལ་རྐང་བཙུགས་ནས། འཆར་འགོད་འཛུགས་སྐྲུན་དང་།དཔལ་འབྱོར་དངུལ་རྩ། གློག་རྡུལ་ཆ་འཕྲིན། འཁོར་ཡུག་སྲུང་སྐྱོང་། སྒྲིག་ཆས་བཟོ་བསྐྲུན། ཡུལ་སྐོར་དོ་དམ་སོགས་སི་ཁྲོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་མཁོ་བའི་འཇོན་མི་བདམས་གསེས་སྐོང་འཐེན་བྱ་རྒྱུ་རེད།
        གནས་ཚུལ་རྒྱུས་ལོན་པ་ལྟར་ན། ཡིག་རྒྱུགས་ལེན་པའི་དུས་ཚོད་དེ་ཟླ་4པའི་ཚེས་21ཉིན་ཡིན་པ་དང་། ཁ་རྒྱུགས་ལེན་པའི་དུས་ཚོད་དེ་ཟླ6པའི་ཚེས་9ཉིན་ཡིན་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1