མཛོད་དགེ་རྫོང་གིས་ཕྱུགས་ལས་འཕེལ་རྒྱས་ལ་ཐབས་ལམ་གསར་པ་བསྐྲུན།

གུ་རུ་འཚོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-28


        ཉེ་བའི་ལོ་ཤས་རིང་ལ། མཛོད་དགེ་རྫོང་གིས་སྐྱེ་དངོས་ཀྱིས་རྫོང་བསྐྲུན་པའི་འཐབ་ཇུས་དམིགས་འབེན་དམ་འཛིན་བྱས་ནས། ཧུར་ཐག་གིས་དེང་རབས་ཀྱི་ཕྱུགས་ལས་གོང་འཕེལ་གྱི་ཐབས་ལམ་གསར་བར་དཔྱད་ཞིབ་ཀྱིས་སྐྱེ་དངོས་གསོ་སྤེལ། ཚན་རིག་གོང་འཕེལ་ཞེས་པའི་གོང་འཕེལ་ལམ་ཕྱོགས་བཏོན་གནང་མཛད་པ་དང་། ཧུར་ཐག་གིས་མང་ཚོགས་ཀྱིས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་གནོད་མེད་སྐྱེ་དངོས་ཀྱི་ཕྱུགས་ལས་ཐོན་སྐྱེད་ཐད་ལ་ཤུགས་རྒྱབ་ནས། དཔལ་འབྱོར་རྒྱུན་ཆད་མེད་པར་གོང་འཕེལ་འགྲོ་བར་ཁག་ཐེག་བྱས།  
        མིག་སྔར། སྐྱེ་ཁམས་གསོ་སྤེལ་གྱིས་གསོ་སྤེལ་བྱེད་མཁན་ཁྱིམ་ཚང་མང་པོ་ལ་ཕན་འབྲས་ཐོབ་ཡོད། བསོད་ནམས་ནི་ཆོས་རྗེ་ཡུལ་ཚོའི་སྒར་བ་སྡེ་བའི་སྡེ་མི་ཞིག་ཡིན། ཡར་སྔོན་ཁོས་རྩྭ་ཐང་དུ་ཕྱུགས་ཟོག་འཚོ་སྐྱོང་བྱས་པ་རེད། ས་རྒྱ་ཆུང་བས་ཕྱུགས་ཟོག་མང་པོ་སྟོན་ཁ་ཤ་ཤེད་རྒྱས་པ་དང་། དགུན་ལ་ཤ་ཤེད་ཞན་པ། དཔྱིད་ལ་མུག་ཤི་བྱུང་བ་ནི་རྒྱུན་ལྡན་ཞིག་ཏུ་གྱུར་ཡོད། རྫོང་གི་ཞིང་ཕྱུགས་ལས་ཅུས་ཀྱིས་ལག་རྩལ་མཛུབ་སྟོན་འོག་བསོད་ནམས་ཀྱིས་སྲོལ་རྒྱུན་ཕྱུགས་འཚོ་སྐྱོང་བྱེད་སྟངས་བསྒྱུར་ནས། སྐྱེ་ཁམས་ཀྱི་གསོ་སྤེལ་ཁང་ཞིག་བཙུགས་པས། ཕྱུགས་ཟོག་གི་ཁ་གྲངས་སྔར་ལས་ཇེ་མང་དུ་ཕྱིན།  
        སྐྱེ་ཁམས་གསོ་སྤེལ་ནི་དེང་རབས་ཀྱི་ཕྱུགས་ལས་གོང་འཕེལ་འགྲོ་བའི་ཐབས་ལམ་ལེགས་པོ་ཞིག་ཡིན། མིག་སྔར་དཔལ་འབྱོར་ཕན་འབྲས་ཐོབ་པ་དེ་གསོ་སྤེལ་བྱེད་མཁན་གྱིས་གོང་འཕེལ་གྱི་མདུན་ལམ་མཐོང་། སྐྱེཁམས་གསོ་སྤེལ་གྱི་ཐོན་ལས་ནི་ཁོར་ཡུག་སྲུང་སྐྱོབ་དང་། སྤུས་ལེགས་ཀྱི་ཕྱུགས་ལས་ས་གཞི་འཛུགས་སྐྲུན་དང་ས་ཁུངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ལེགས་པོ་ཐོབ་ཡོད།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1