མ་ཏེ་རི་སྲོག་ཆགས་གླིང་གི་དོམ་ཁྲ་གཅེན་གཅུང་གཉིས།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-28


      རུའེ་པེ་ཁ་དང་ཨའེ་སི་ཐེ་ཧྥ་ཉི་ཡ་གཉིས་ནི་སི་ཕེན་གྱི་རྒྱལ་ས་མ་ཏེ་རིའི་སྲོག་ཆགས་གླིང་གི་སྲོག་ཆགས་ལ་གཡོག་བྱེད་མཁན་ཡིན་པ་དང་། ཁོང་གཉིས་ཀྱི་ལས་འགན་གཙོ་བོ་ནི་མ་ཏེ་རི་སྲོག་ཆགས་གླིང་གི“ནོར་བུ”སྟེ་དོམ་ཁྲ་ཆེན་པོ་གསུམ་ལ་གཡོག་བྱེད་རྒྱུ་དེ་རེད།
      རུའེ་པེ་ཁ་དང་ཨའེ་སི་ཐེ་ཧྥ་ཉི་ཡ་གཉིས་ལ་ལོ་མང་རིང་དོམ་ཁྲར་གཡོག་བྱེད་བྱེད་པའི་ཉམས་མྱོང་ཡོད་པ་དང་། ད་དུང་ཁོང་གཉིས་ཀྱི་ལོ་ཚོད་འདྲ་པོ་ཡིན་པ་མ་ཟད་ངོ་དབྱིབས་ཀྱང་ཅུང་འདྲ་པོ་ཡོད་པས་མི་གཞན་གྱིས་ཁོང་གཉིས་ལ་མ་ཏེ་རི་སྲོག་ཆགས་གླིང་གི“དོམ་ཁྲ་གཅེན་གཅུང་གཉིས”ཞེས་འབོད་ཀྱི་ཡོད།
     དོམ་ཁྲ་ཕོ་གཅིག་དང་མོ་གཅིག་ཡོད་པ་དང་། དེ་གཉིས་ཀྱི་མིང་ལ“པིང་ཤིན”དང“ཧྭ་ཙུའེ་པ”ཞེས་ཟེར་བ་དང་2007ལོར་ཁྲེང་ཏུའུ་ནས་མ་ཏེ་རི་སྲོག་ཆགས་གླིང་དུ་སླེབས་པ་རེད། དེ་གཉིས་ལ་མ་ཏེ་རིར་དོམ་ཕྲུག་4སྐྱེས་པ་དང་། དེའི་ནང་ནས་དོམ་ཕྲུག་3ཀྲུང་གོར་དབོར་བ་རེད། 2017ལོར་སྐྱེས་པའི“ཀྲུའུ་ལི་ནཱ”ནི་མིག་སྔར་དོམ་ཁྲ་ཕ་མ་གཉིས་དང་མཉམ་དུ་མ་ཏེ་རི་སྲོག་ཆགས་གླིང་དུ་འཚོ་བཞིན་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1