སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་སོ་སོར་དོན་འཁྱོལ་བྱ་དགོས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-30


——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་གྱི་དཔྱད་བརྗོད་གསུམ་པ།
སི་ཁྲོན་ཉིན་རེའི་ཚགས་པར་ཁང་གི་དཔྱད་བརྗོད་པས།
        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དཔྱིད་གསར་དུས་ཆེན་གྱི་སྔོན་དུ་སི་ཁྲོན་ལ་རྟོག་ཞིབ་མཛུབ་སྟོན་བྱེད་པར་ཕེབས་ཏེ། ཤུགས་ཆེན་པོས་སྤུས་ཚད་མཐོ་བའི་དཔལ་འབྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏང་རྒྱུའི་བླང་བྱ་ནན་མོ་བཏོན། སྤྱི་ཁྱབ་ཧྲུའུ་ཅི་ཡིས་སི་ཁྲོན་ལ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་དགོངས་པ་མཛུབ་ཁྲིད་དུ་བཟུང་ནས་ངོས་འཛིན་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། མཐའ་གཅིག་ཏུ་སྤུས་ཚད་མཐོ་བའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏང་རྒྱུ་དེ་དཔལ་འབྱོར་བྱ་བའི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་སོ་སོར་ལག་བསྟར་མཐར་ཕྱིན་བྱེད་པ། འཕེལ་རྒྱས་གཏོང་སྟངས་བསྒྱུར་གང་ཐུབ་བྱེད་པ། ལེགས་འགྱུར་གྱི་དཔལ་འབྱོར་གྲུབ་ཚུལ་རྒྱུན་མཐུད་དང་། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ། རང་རེའི་ཞིང་ཆེན་ནི་དཔལ་འབྱོར་ཞིང་ཆེན་ཆེན་པོ་ནས་དཔལ་འབྱོར་སྟོབས་ལྡན་ཞིང་ཆེན་དུ་འགྱུར་བར་སྐུལ་འདེད་གཏང་དགོས། 
        འཇིག་རྟེན་དར་རྒྱས་རྐྱེན་གྱིས་གྲུབ། ཏང་གི་ཚོགས་ཆེན་བཅུ་དགུ་པས་བསྟན་དོན། རང་རྒྱལ་གྱི་དཔལ་འབྱོར་ནི་མྱུར་ཚད་མཐོན་པོར་འཕར་བའི་དུས་རིམ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དུས་རིམ་དུ་ཕྱོགས་བཞིན་ཡོད་ལ། ད་ལྟ་ནི་འཕེལ་རྒྱས་གཏོང་སྟངས་དང་ལེགས་འགྱུར་གྱི་དཔལ་འབྱོར་གྲུབ་ཚུལ་བསྒྱུར་བ། འཕར་སྣོན་གྱི་སྒུལ་ཤུགས་བསྒྱུར་བའི་གནད་འགག་གི་དུས་ཞིག་ཏུ་གནས་ཡོད། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱ་རྒྱུ་ནི་འགག་སྒོ་ལས་མཆོང་བརྒལ་བྱེད་པའི་དགོས་གལ་ཆེ་བའི་བླང་བྱ་དང་། རང་རྒྱལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་དམིགས་འབེན་ཡིན་པ་རེད། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་ལས་ཁ་གསལ་སྒོས་བརྡར་གཅོད་གལ་ཆེན་དེ་དུས་རབས་གསར་པའི་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གཞི་རྩའི་ཁྱད་ཆོས་སུ་བཏོན་ཡོད་པ་དང་། ལྷག་པར་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་གྱི་གལ་ཆེའི་བཀོད་སྒྲིག་ལ་སྐུལ་འདེད་བཏང་། རང་རེའི་ཞིང་ཆེན་ནི་དཔལ་འབྱོར་ཞིང་ཆེན་དང་མི་འབོར་ཞིང་ཆེན་ཡིན་ལ། རྒྱལ་ཡོངས་དཔལ་འབྱོར་ཁྲོད་གནས་བབ་གལ་ཆེན་ཟིན་ཡོད། ཤུགས་ཆེན་པོས་རང་རེའི་ཞིང་ཆེན་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཁྱོན་ཡོངས་རང་བཞིན་གྱི་དོན་སྙིང་ལྡན་པས། ངེས་པར་མུ་མཐུད་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་བསམ་བློ་གཏན་འཁེལ་དང་དཔལ་འབྱོར་སྲིད་ཇུས་སྒྲིག་བཟོ། གཞི་ཆེའི་སྟངས་འཛིན་ལག་བསྟར་བྱ་རྒྱུའི་རྩ་བའི་བླང་བྱ་བཅས་གཏན་འབེབས་བྱས་པ་དང་། ནུས་ཤུགས་ཡོད་དགུས་ཐོན་ལས་མ་ལག་ཕུལ་བྱུང་མིན་པ། ཁྲོམ་རའི་སྒྲིག་གཞི་ལྷུག་པོ་མེད་པ། མཐུན་སྦྱོར་འཕེལ་རྒྱས་ཀྱིས་མི་འདང་བ། སྒོ་འབྱེད་ཚད་གཏིང་ཟབ་མིན་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་ཐོན་ལས་གྲུབ་ཚུལ་ལེགས་བསྒྱུར་གང་མྱུར་སྒོས་ཆགས་པར་བྱེད་པ་དང་གསར་གཏོད་ཀྱི་སྐྱེ་སྟོབས་འབར་བ། ས་ཁོངས་བཀོད་སྒྲིག་མཐུན་སྦྱོར། གྲོང་གསེབ་དང་གྲོང་ཁྱེར་གྱི་འཕེལ་རྒྱས་མཉམ་འདྲེས། སྐྱེ་ཁམས་ཁོར་ཡུག་ལེགས་བསྒྱུར། མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པ་བཅས་ཀྱི་རྣམ་པ་གསར་བ་ཞིག་ཆགས་པར་སྐུལ་འདེད་གཏང་དགོས།
        སྤུས་ཚད་མཐོན་པོའི་འཕེལ་རྒྱས་ནི་དཔལ་འབྱོར་བརྒྱུད་རིམ་ཐད་ཀྱི་ཕྱོགས་སོ་སོར་ལག་བསྟར་མཐར་ཕྱིན་བྱེད་ལ། ཐོག་མཐའ་བར་གསུམ་དུ་བློ་སེམས་རྩེ་གཅིག་གིས་འཕེལ་རྒྱས་རིགས་སྒྱུར་གྱི་འཕེལ་རྒྱས་ཐབས་ཇུས་ངེས་ཤུགས་རྒྱུན་འཁྱོངས་བྱ་དགོས། སྤུས་ཚད་ཨང་དང་པོ་མཐའ་འཁྱོངས་དང་ཕན་འབྲས་དམིགས་སུ་འཛིན་པ། གྲུབ་ཆའི་རང་བཞིན་གྱི་བཅོས་སྒྱུར་གཙོ་ཐིག་ཏུ་འགྱུར་བར་སྐུལ་འདེད་མཁོ་འདོན་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས། “རིགས་སྒྱུར་བྱས་ན་འཕེལ་རྒྱས་འབྱུང་ལ། འགོ་བརྩམས་པ་ཕྱིས་ནའང་མཐོ་ས་ནས་འགོ་འཛུགས་ཐུབ།”ཞེས་པ་རྒྱུན་འཁྱོངས་བྱེད་པ་དང་། 
འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ་དང་།  བློ་བརྟན་འགྱུར་མེད་ཀྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་འཕོ་འགྱུར་དང་། ལས་ཆོད་འཕོ་འགྱུར། སྒུལ་ཤུགས་འཕོ་འགྱུར་བཅས་ལ་སྐུལ་འདེད་བཏང་སྟེ། གསར་གཏོད་སྒུལ་ཤུགས་དང་པོ་རུ་གྱུར་བ། མཐུན་སྦྱོར་ནང་ཁུལ་གྱི་ཁྱད་ཆོས་སུ་གྱུར་བ། ལྗང་མདོག་ཡོངས་ཁྱབ་ཀྱི་རྣམ་པ་རུ་སྒྱུར་བ། སྒོ་འབྱེད་དགོས་ངེས་ཀྱི་ལམ་བུ་ཞིག་ཏུ་གྱུར་བ་དང་མཉམ་སྤྱོད་རྩ་བའི་དམིགས་འབེན་ལ་གྱུར་བ། ནུས་པ་ལྡན་པའི་སྒོ་ནས་རང་རེའི་ཞིང་ཆེན་གྱི་ཕྱོགས་བསྡུས་སྟོབས་ཤུགས་མཐོར་འདེགས་མངོན་གསལ་དང་སྒུལ་ཤུགས་གོམ་སྟབས་ཇེ་མགྱོགས་སུ་ཡོང་བར་སྐུལ་འདེད་གཏང་དགོས། “ཕུགས་ལ་གཏད་པའི་བློ་སྣེ་མ་ལྷོད་ན། །ཕུགས་ཀྱི་འདུན་མ་ངང་གིས་གྲུབ་པར་ངེས། །”ང་ཚོས་ངེས་པར་དུ་བློ་སེམས་གཅིག་ཏུ་སྒྲིམ་ཞིང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ཆད་ལྷག་མེད་པར་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས། 
        སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་དཔལ་འབྱོར་ལས་དོན་བརྒྱུད་རིམ་ཐད་ཀྱི་ཕྱོགས་སོ་སོར་ལག་བསྟར་མཐར་ཕྱིན་བྱ་དགོས། འཕེལ་རྒྱས་དམིགས་འབེན་དམ་འཛིན་བྱེད་པ། ལས་དོན་གྱི་གལ་གནད་འཛིན་པ། གཙོ་གནད་ནན་གྱིས་གཏན་འཁེལ་བྱེད་པ་ཡིན། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱ་རྒྱུ་ནི་རང་རྒྱལ་འཕེལ་རྒྱས་ཀྱི་འཐབ་ཇུས་དམིགས་འབེན་ཡིན། རང་རེའི་ཞིང་ཆེན་ལ་མཚོན་ནས་བཤད་ན། ཤུགས་ཆེན་པོས་དངོས་གཟུགས་དཔལ་འབྱོར་སྲ་བརྟན་དུ་གཏོང་བ་དང་། གསར་གཏོད་སྐུལ་སྤེལ་ཤུགས་ཆེ་རུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་གྱི་འཕེལ་རྒྱས་ལ་སྐུལ་འདེད། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དམ་འཛིན་ཡག་པོ་བྱེད་པ། ནན་གྱིས་བཅོས་སྒྱུར་གྱི་སྒུལ་ཤུགས་ཆེ་རུ་གཏོང་བ་བཅས་བྱ་དགོས། “འཕེལ་རྒྱས་ཀྱི་འཐབ་ཇུས་ཆེན་པོ་གསུམ”གཏིང་ཟབ་མོའི་སྒོ་ནས་ལག་བསྟར་བྱེད་པ་བརྒྱུད། ནུས་ཤུགས་ཡོད་དགུས་“བཟོ་སྐྲུན་གཙོ་གནད་ཁག་བཞི”འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏང་དགོས་པ་དང་། ནུས་ཤུགས་བརྟན་པོས་“འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ”རྒྱག་པ་བཅས་དང་། མགྱོགས་མྱུར་སྒོས་འཕེལ་རྒྱས་ཆུ་ཚད་མཐོ་བ། ཐོན་ལས་མ་ལག་ལེགས་པ། གསར་གཏོད་ནུས་པ་ཆེ་བ། སྒོ་འབྱེད་ཚད་གཏིང་ཟབ་པ། ཁྲོམ་རའི་སྒྲིག་གཞི་ལ་གསོན་ཤུགས་ལྡན་པ། མཐུན་སྦྱོར་འཕེལ་རྒྱས་བཟང་པོས་དཔལ་འབྱོར་སྟོབས་ལྡན་ཞིང་ཆེན་འཛུགས་སྐྲུན་བྱ་དགོས།
        སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ་དང་དཔལ་འབྱོར་སྟོབས་ལྡན་གྱི་ཞིང་ཆེན་འཛུགས་སྐྲུན་བྱ་རྒྱུ་ནི་དུས་རབས་གསར་པས་ང་ཚོ་ལ་སྤྲད་པའི་གལ་ཆེའི་འགན་འཁྲི་ཡིན་ཞིང་། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་བསམ་བློ་དང་འགུལ་སྤྱོད་གཅིག་གྱུར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་དགོངས་དོན་གྱི་སྙིང་སྟོབས་དང་འབྲེལ་ནས་ངེས་ཤུགས་བརྟན་སྲུང་དང་འཐབ་རྩལ་མང་པོ་བཀོལ་ནས་རང་རེའི་ཞིང་ཆེན་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་དུས་རིམ་གསར་བ་ཞིག་ཏུ་གོམ་སྟབས་བསྒྱུར་བར་སྐུལ་འདེད་གཏང་དགོས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1