ལྷ་ས་ནས་གཞིས་ཀ་རྩེའི་བར་གྱི་ལྕགས་ལམ་སྤྱི་ཟླ་8ཚེས་16ཉིན་ཤར་གཏོང་བྱུང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-18


ལྷ་ས་ནས་གཞིས་ཀ་རྩེའི་བར་གྱི་ལྕགས་ལམ་གྱི་ལམ་ཐིག་མཚོན་པའི་རི་མོ།
 
ལྷ་ས་ནས་གཞིས་ཀ་རྩེའི་བར་གྱི་ལྕགས་ལམ་གྱི་གཞིས་ཀ་རྩེའི་འབབ་ཚིགས།
            སྤྱི་ཟླ་8ཚེས་14ཉིན་གསར་འགོད་པས་ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་སྤྱི་གཉེར་ཁང་ནས་ཤེས་རྟོགས་བྱུང་བར། བོད་ཀྱི་ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་ཟླ་8པའི་ཚེས་15ཉིན་ནས་བཟུང་ཤར་གཏོང་འཁོར་སྐྱོད་བྱ་རྒྱུ་དང་། མེ་འཁོར་ལན་གྲངས་ཐོག་མ་དེ་ཟླ་8པའི་ཚེས་16ཉིན་གྱི་ཆུ་ཚོད་9པའི་ཐོག་ལྷ་སའི་འབབ་ཚུགས་ནས་འཐོན་རྒྱུ་རེད།
            ལྕགས་ལམ་འདིའི་རིང་ཚད་ཧྲིལ་པོར་སྤྱི་ལེ་251ཡོད་པ་དང་ལམ་ཐིག་ཧྲིལ་པོར་ལྷ་སའི་འབབ་ཚུགས་ལྷོ་མ་དང་ཆུ་ཤུར། གཞིས་ཀ་རྩེ་སོགས་འབབ་ཚུགས་14བཙུགས་ཡོད་ཅིང་། འཁོར་སྐྱོད་བྱེད་པའི་ཆུ་ཚོད་རེའི་མྱུར་ཚད་མཐོ་ཤོས་སྤྱི་ལེ་120ཡིན་པ་དང་ལོའི་དངོས་ཟོག་དབོར་འདྲེན་བྱེད་ཚད་ཏུན་ཁྲི་830ཡན་རེད།
            ལྷ་ས་ནས་གཞིས་ཀ་རྩེའི་བར་གྱི་ལྕགས་ལམ་གྱི་ཤར་ངོས་མཚོ་བོད་ལྕགས་ལམ་དང་འཆར་འགོད་བྱེད་བཞིན་ཡོད་པའི་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་དང་འབྲེལ་ཡོད་པ་དང་། ནུབ་ངོས་འཆར་འགོད་བྱེད་བཞིན་ཡོད་པའི་ལྕགས་ལམ་གཉའ་ལམ་དང་གྲོ་མོ་འགག་སྒོའི་ལམ་ཐིག་དང་འབྲེལ་ཡོད་པས་བོད་ཀྱི་ལྕགས་ལམ་དྲ་བ་ཤར་ནས་ནུབ་བར་རྒྱུན་མཐུད་པའི་མ་ལམ་གལ་ཆེན་ཞིག་ཡིན། སྣུར་སྲིང་མཁའ་ལམ་ཡིན་པའི་ངོས་ནས་ལྷ་གཞིས་ལྕགས་ལམ་ཤར་གཏོང་འཁོར་སྐྱོད་བྱས་རྗེས་བོད་ཀྱི་ལྷོ་ནུབ་ས་ཁུལ་དུ་གཞུང་ལམ་ཁེར་རྐྱང་ལ་བརྟེན་ནས་སྐྱེལ་འདྲེན་བྱེད་པའི་རྣམ་པར་འགྱུར་ལྡོག་གཏོང་ཐུབ་ཀྱི་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1