ཕུག་ལམ་འདི་བརྒྱུད་བར་དུས་ཡུན་སྐར་མ་བརྒྱད་ལས་མི་དགོས།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་ལས་ཁུངས། སྤེལ་དུས། 04-02


        སྤྱི་ཟླ་3པའི་ཚེས་29ཉིན། དར་མདོ་རྒྱུད་ལ་རི་བོའི་ཕུག་ལམ་སྐྲུན་པའི་མཛད་སྒོ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་མདོ་གྲོང་ཁྱེར་དུ་སྤེལ་ཡོད་པ་དང་། ཀུན་ནས་དོ་ཁུར་ཆེན་པོ་བྱེད་པའི་རྒྱལ་ལམ༣༡༨གྱི་ངེས་པར་དུ་བརྒྱུད་དགོས་པའི་ལམ་སྟེ་དར་མདོའི་རྒྱུད་ལ་རི་བོའི་ཕུག་ལམ་མི་རིང་བར་སྐྲུན་གྲབས་ཡོད་པ་རེད། འཆར་འགོད་ལྟར་ན། ཕུག་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ8.4ཡོད་པ་དང་། འཛུགས་སྐྲུན་ལས་ཡུན་ལོ་ལྔ་འགོར་གྱི་ཡོད་ཅིང་། རགས་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་བཅུ་བཞི་དང་བྱེ་བ་བདུན་ཙམ་གཏོང་འཆར་ཡོད་པ་རེད། འཛུགས་སྐྲུན་ཟིན་རྗེས། རླངས་འཁོར་ཤར་གཏོང་བྱེད་པའི་དུས་ཚོད་ནི་དེ་སྔོན་གྱི་ཆུ་ཚོད་གཅིག་དང་ཕྱེད་ཀ་ལྷག་ནས་སྐར་མ་བརྒྱད་བར་ཉུང་དུ་འགྲོ་རྒྱུ་རེད། 

        ཤེས་རྟོགས་བྱུང་བར་གཞིགས་ན། རྒྱུད་ལ་རི་བོའི་ཕུག་ལམ་ནི་མིག་སྔར་རྒྱལ་ནང་གི་མཚོ་ངོས་ས་བབ་མཐོ་བའི་གཞུང་ལམ་རིམ་པ་གཉིས་པའི་ཕུག་ལམ་རིང་ཤོས་དང་ས་ཡོམ་གས་ཚད་འགོག་ཤུགས་ཆེ་ཤོས་ཕུག་ལམ་གྱི་གྲས་ཤིག་ཡིན། ཕུག་ལམ་གྱི་ལྟོས་མེད་མཐོ་ཚད་ལ་མཚོ་ངོས་མཐོ་ཚད་སྨི3800ཙམ་ཡོད་པ་དང་། མཐོ་ཤོས་སུ་མཚོ་ངོས་མཐོ་ཚད་སྨི4545ཟིན་ཡོད་པ་རེད། 

        ཀྱག་ཀྱོག་ཀ་ཀོར་ཆེ་ཞིང་འགྲིམ་འགྲུལ་དོན་རྐྱེན་འབྱུང་སླ་བའི་རྒྱུད་ལ་རི་བོའི་གཞུང་ལམ་དུམ་མཚམས་ལ་ཁམས་ཁུལ་གྱི་འགག་སྒོ་དང་པོ་ཞེས་གྲགས་པ་དང་། ལ་ཉག་གི་མཚོ་ངོས་མཐོ་ཚད་སྨི4298ཟིན་ཡོད་པ་དང་། ས་བབ་མཐོ་ཞིང་བཙན་ལ། གནམ་གཤིས་གྲང་ངར་ཆེ་ཞིང་འགྱུར་ལྡོག་ཆེ་བས། གངས་འཁྱགས་དང་འདམ་རྡོ་ཆུ་རུད། རི་ཉིལ་བ་སོགས་ཀྱི་གནོད་འཚེ་ཚབས་ཆེན་ཐོན་དང་དོན་མུས་ཡིན་པ་མ་ཟད། ས་གནས་དེ་གར་ད་དུང་གངས་འཁྱགས་དང་སྨུག་པ་སྟུག་པོ་ཡང་ཡང་འཚུབ་སྟེ། འགྲིམ་འགྲུལ་དོན་རྐྱེན་ཡང་ཐེངས་མང་བྱུང་དང་འབྱུང་བཞིན་ཡོད་པ་རེད། འཛུགས་སྐྲུན་གྱི་རྣམ་གྲངས་འདི་ལག་བསྟར་བྱས་ཚེ་ས་གནས་དེ་གའི་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་དང་འགྲིམ་འགྲུལ་ཕྱིར་སྐྱེད་ཀྱི་ཆུ་ཚད་ལེགས་སུ་གཏོང་ཐུབ་རྒྱུ་མ་ཟད། མི་རིགས་ས་ཁུལ་ཀྱི་གོང་འཕེལ་ཆ་རྐྱེན་ལེགས་བསྒྱུར་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ལའང་འཕྲལ་ཡུན་ཀུན་ཏུ་དགེ་བའི་ནུས་པ་ལྡན་ཡོད་པ་རེད། 




 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1