བོད་ཀྱི་དཔེ་རྙིང་སྲུང་སྐྱོང་དང་ཞིབ་འཇུག་ལས་ཀའི་གྲུབ་འབྲས།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 04-04


1.ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་དྭགས་ལྷ་སྒམ་པོ་དགོན་དུ་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོང་བྱས་ཤིང་། ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་དྭགས་ལྷ་སྒམ་པོ་དགོན་གྱི་ཞིག་རོའི་ཁྲོད་ནས་སྔོག་འདོན་བྱས་པའི་དཔེ་རྙིང་གི་པར་ཤིང་1500ལྷག་ཙམ་ལ་མྱུར་སྐྱོབ་རང་བཞིན་གྱི་གཙང་བཟོ་དང་ལེགས་སྒྲིག་བྱས་པ་དང་དཔེ་སྒྲོམ་བཟོས་ཡོད། དེ་དང་ཆབས་ཅིག་ཆག་སྐྱོན་ཤོར་བའི་པར་ཤིང་64ལ་བསྐྱར་དུ་བརྐོས་བརྒྱབ་པ་མ་ཟད། པར་ཤིང་ཆ་ཚང་བ་114ལ་སྲོལ་རྒྱུན་ལྟར་པར་འདེབས་བྱས་ཤིང་། ཁྱོན་ཆ་ཚང་200པར་འདེབས་བྱས་ཡོད།
2.གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་ཀོ་ཐང་ཤང་རུད་གྲོང་ཚོའི(རྒྱལ་ཁབ་རིམ་པའི་སྲོལ་རྒྱུན་གྲོང་སྡེའི་མིང་གཞུང་ཁག་དང་པོ)མ་ཎི་ལྷ་ཁང་རྙིང་པའི་ནང་གི་གནའ་བོའི་ནང་བསྟན་གྱི་བསྟན་བཅོས་དང་ཚད་ལྡན་ཡིག་ཆར་དུས་ཡུན་ཉིན་11རིང་ཡོངས་བཤེར་ཐོ་འགོད་དང་། ཡིག་ཚགས་བཟོ་བ། ཤོག་གྲངས་འཁྲུག་པ་ལེགས་སྒྲིག་སོགས་ཀྱི་ལས་དོན་བསྒྲུབས་པ་དང་དེ་དག་ཚང་མར་དཔེ་རས་དང་གདོང་འཛར་བསྒར་ཡོད།
3.ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་བྱ་ཡུལ་ཤང་པད་དཀར་དགོན་གྱི་དཔེ་རྙིང་རྩ་ཆེན་ལ་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོང་དང་། ཉར་ཚགས་ཆ་རྐྱེན་ལེགས་གཏོང་གི་ལས་འགན་ལེགས་སྒྲུབ་བྱས་ཤིང་། དགོན་པ་དེ་ནས་རྙེད་པའི་དཔེ་རྙིང་རྩ་ཆེན་རས་ཁུག་66གཙང་བཟོ་དང་། རིགས་དབྱེ། ལེགས་སྒྲིག གྲངས་འཛིན་ཅན་སོགས་ཀྱི་སྲུང་སྐྱོང་ལས་དོན་བསྒྲུབས་ཡོད།
4.ལྷ་ས་གྲོང་ཁྱེར་རྨེ་རུ་དགོན་དུ་དཔེ་རྙིང་ཡོངས་བཤེར་ལེགས་སྒྲིག་ལས་དོན་བསྒྲུབས་ཤིང་། རྨེ་རུ་དགོན་གྱི་ས་འོག་ནས་ཐོན་པའི་གནའ་བོའི་བསྟན་བཅོས་དང་གསུང་རབ་པོ་ཏི་150ལྷག་ཙམ་གཙང་བཟོ་རིགས་དབྱེ་བྱས་པ་དང་། བླུགས་སྣོད་དང་དཔེ་སྒྲོམ་བཟོས་པ། ཐོ་འགོད་དང་གྲངས་འཛིན་ཅན་གྱི་ཉར་ཚགས་སོགས་ཀྱི་མྱུར་སྐྱོབ་རང་བཞིན་གྱི་ལས་དོན་བསྒྲུབས་ཡོད།
5.གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་གི་ཕུ་རྫོང་དགོན་དང་པ་ལོ་དགོན་དང་ཁང་དམར་རྫོང་གི་གད་ལྷ་ཁང་སོགས་དགོན་སྡེ་5ཚུད་པའི་དཔེ་རྙིང་ཉར་ཚགས་དགོན་སྡེའི་ཆ་རྐྱེན་ལེགས་གཏོང་གི་རྣམ་གྲངས་ལག་ལེན་བསྟར་ཡོད།
6.ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་གི་གཙུག་ལག་ཁྲ་འཁྱིལ་མའི་ས་འོག་ནས་ཐོན་པའི་དཔེ་རྙིང་མྱུར་སྐྱོབ་ལེགས་སྒྲིག་བྱས་ཤིང་། ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་གཙུག་ལག་ཁྲ་འཁྱིལ་མའི་ས་འོག་ནས་ཐོན་པའི་ཉམས་ཆག་བྱུང་བའི་དཔེ་རྙིང་རས་ཁུག་400ལྷག་ཙམ་རིགས་དབྱེ་དང་། ལེགས་སྒྲིག ཐལ་རྡུལ་གཙང་སེལ་སོགས་ཀྱི་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོབ་ལས་དོན་སྤེལ་བ་རེད།
7.དཔེ་རྙིང་རྩ་ཆེན་སྲུང་སྐྱོབ་དང་ཡིག་ཚགས་བཟོ་བའི་ལས་དོན་སྤེལ་ཞིང་། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་བཀྲ་ཤིས་སྒང་ཤང་འཆད་ཀ་དགོན་ནས་གསར་དུ་རྙེད་པའི་མཐིང་ཤོག་ཐོག་གསེར་ཆུས་བྲིས་པའི《ཤེར་ཕྱིན་གྱི་མདོ》པོ་ཏི་20ལ་ཡིག་ཚགས་བཟོས་པ་དང་། དཔེ་དབྱིབས་པར་ལེན། ཞིབ་དཔྱད་གཏན་འཁེལ་བཅས་བྱས་པ་མ་ཟད། ཉར་ཚགས་ཀྱི་གནས་ཚུལ་དང་ཉར་ཚགས་ཀྱི་འཆར་གཞི་སོགས་ལ་བརྟག་དཔྱད་སྙན་ཞུ་བྲིས་ཡོད།
8.དཔེ་རྙིང་བསྡུ་ཉོའི་ལས་དོན་བསྒྲུབས་ཤིང་། 2012ལོར་བོད་ལྗོངས་དཔེ་མཛོད་ཁང་གིས་མཚོ་སྔོན་ཡུལ་ཤུལ་ནས་དམངས་ཁྲོད་ཀྱི་དཔེ་རྙིང་རྩ་ཆེན་པོ་ཏི་187དང་རིགས་ཁག་2000ལྷག་ཙམ(ཆོས་ཚན)བསྡུ་ཉོ་བྱས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1