ཁྱུང་མཆུ་རྫོང་གིས་གཅོང་ནད་སྔོན་འགོག་གི་བྱ་འགུལ་སྤེལ།

མཁའ་འགྲོ་མཚོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-03


        འཛམ་གླིང་གཅོང་ནད་སྔོན་འགོག་གི་ཉིན་མོར་ཁྱུང་མཆུ་རྫོང་འཕྲོད་བསྟེན་སྡེ་ཁག་གིས་རྫོང་རིམས་ནད་སྔོན་འགོག་ལྟེ་གནས་དང་རྫོང་བོད་སྨན་ཁང་གཉིས་རྩ་འཛུགས་བྱས་ཏེ། དམར་དམག་ཐང་ཆེན་དུ་གཅོང་ནད་སྔོན་འགོག་སྒུལ་སྐྱོད་བྱས་ཏེ། བདེ་ཐང་ཕ་གཞིས་ཀུན་གྱིས་སྐྱོང་ཞེས་པའི་དྲིལ་བསྒྲགས་དཔྱད་གཞིའི་ཡིག་ཆ་300ལྷག་འགྱེད་གཏོང་བྱས་པར་མ་ཟད། ཡུལ་དངོས་ནས་ལམ་འགྲོ་མང་ཚོགས་རྣམས་ལ་གཅོང་ནད་སྔོན་འགོག་སྐོར་གྱི་ཤེས་བྱ་རེ་རེ་བཞིན་གསལ་བཤད་བྱས། 

        རྒྱུས་ལོན་བྱས་པ་ལྟར་ན། མིག་སྔར་རང་རྒྱལ་གྱི་གཏན་འབེབས་ཁྲོད་གཅོང་ནད་འགོས་ཉེན་གྱི་ཚད་དང་ཤི་ཚད་ཚབས་ཧ་ཅང་ཆེ་ལ། གཅོང་ནད་ནི་ཅུང་ཁྱབ་རྡལ་ཆེ་ལ་སྨན་བཅོས་ཀྱི་གོ་རིམ་སྟབས་བདེ་བའི་ནད་རིགས་ཤིག་ཡིན་པ་དང་། སྤྱིར་བཏང་ཟླ་དྲུག་པ་ནས་ཟླ་བརྒྱད་པའི་བར་དུ་སྨན་བཅོས་བྱས་ན་སྔོན་འགོག་གི་ནུས་པ་ཆེན་པོ་ཐོན་ཐུབ། གལ་ཏེ་སྨན་བཅོས་ཀྱི་དུས་ཡུན་འགོར་འགྱངས་དང་སངས་དྲག་བྱེད་མ་ཐུབ་ཚེ། མཇུག་འབྲས་ཚབས་ཆེན་འབྱུང་བའི་ཁར་དབུགས་ཐག་ཆད་ནས་ཤི་ཉེན་ཆེ་བར་མ་ཟད། ཁྱིམ་ཚང་ལ་ཡང་དཔལ་འབྱོར་གྱི་གྱོང་གུད་ཆེན་པོ་འབྱུང་བ་རེད། 
        གཅོང་ནད་བྱུང་ཚེ་ངེས་པར་དུ་རང་ས་གནས་ཀྱི་གཅོང་ནད་སྔོན་འགོག་སྨན་ཁང་དུ་སོང་ནས་སྨན་བཅོས་བྱ་དགོས་ལ། ཞིང་ཆེན་དང་ཁུལ། རྫོང་ཁག་ས་གནས་སོ་སོ་རུ་གཅོང་ནད་སྔོན་འགོག་ས་ཚིགས་གཏན་འཁེལ་བྱས་ཡོད་པ་དང་། དེ་རུ་ཚད་ལྡན་གྱི་སྨན་བཅོས་སྒྲིག་ཆས་འཐུས་ཚང་ཡོད་པར་མ་ཟད། སྨན་ལེན་པའམ་ཞིབ་བཤེར་གང་རུང་བྱས་ན་རིན་མེད་ཡིན་པ་རེད།          


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1