དབྱིན་ཇིའི་ཅན་ཆའོ་སློབ་ཆེན་དུ་ཧའོ་ཁེན་གྱི་གདུང་མཆོད་འཚོགས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-04


     ཟླ་3ཚེས་31ཉིན་གྱི་ཕྱི་དྲོར་དབྱིན་ཇིའི་ཚན་རིག་པ་གྲགས་ཅན་ཧའོ་ཁེན་གྱི་གདུང་མཆོད་ཅན་ཆའོ་སློབ་ཆེན་གྱི་ཧྲན་མཱ་ལི་ཆོས་ཚོགས་ཁང་དུ་འཚོགས་ཤིང་། ཧའོ་ཁེན་གྱི་ཁྱིམ་མི་དང་ལས་གྲོགས། གྲོགས་པོ་སོགས་མི་500ལྷག་མི་སྒེར་གྱི་དྲན་གསོའི་མཛད་ཆོག་ལ་ཞུགས་པ་རེད།
     ཉིན་དེར་ཅན་ཆའོ་ལ་ཆར་སིལ་འབབ་བཞིན་ཡོད། ཧའོ་ཁེན་གྱི་གདུང་མཆོད་ཚོགས་པའི་ཆེད་དུ། ཆོས་ཁང་ཕྱི་རོལ་གྱི་ལམ་བར་ལ་འགྲིམ་འགྲུལ་བཀག་འདོམས་བྱས་ནས་ར་བས་བསྐོར་པས། མི་མང་པོ་ཞིག་ཆོས་ཁང་དུ་འགྲོ་ཐབས་མེད་ཀྱང་། སྔ་མོ་ནས་ཆར་སིལ་ཁྲོད་ལམ་འགྲམ་གཉིས་ཀྱི་ར་བསྐོར་ཕ་རོལ་ན་མྱ་ངན་ཞུ་བའི་ཚན་རིག་པ་ཧའོ་ཁེན་ལ་གཏན་བདེ་ཞལ་འབྲལ་ཞུ་བཞིན་ཡོད་པ་རེད། 
     ཧའོ་ཁེན་ནི་ཟླ་3ཚེས་14ཉིན་ལ་གྲོངས་ཤིང་དགུང་ལོ་76 ཡིན། ཆོས་ཚོགས་ཁང་གི་ཆུ་ཚོད་ཀྱི་བརྡ་ཐེངས་76གྲགས་པ་དེས་ཚན་རིག་པ་ཁོང་གི་ཐུན་མིན་མི་ཚེས་ཕལ་བ་ཞིག་མིན་པ་མཚོན་པ་རེད།

      དབྱིན་ཇིའི་ཚན་རིག་ལས་རིགས་ཁག་དང་རིག་རྩལ་ལས་རིགས་ཁག་གི་མི་སྣ་གྲགས་ཅན་མང་པོ་གདུང་མཆོད་མཛད་ཆོག་ལ་ཞུགས་པའི་ཁྲོད་དུ་ཧའོ་ཁེན་གྱི་རྣམ་ཐར་གློག་བརྙན《དངོས་པོ་ཀུན་གྱི་རིགས་གཞུང་》ཞེས་པའི་ནང་ཚན་རིག་པ་ཁོང་རང་འཁྲབ་པའི་འཁྲབ་སྟོན་པ་ཨའེ་ཏི་ལེ་ཏེ་མེ་དབྱིན་སོགས་འདུས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1