ཏང་གི་ཆབ་སྲིད་འཛུགས་སྐྲུན་དེ་ཨང་དང་པོར་འཇོག་དགོས།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-09



——གཏིང་ཟབ་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དོན་འཁྱོལ་བྱེད་པའི་དཔྱད་བརྗོད་བདུན་པ། 
སི་ཁྲོན་ཉིན་རེའི་ཚགས་པར་ཁང་གི་དཔྱད་བརྗོད་པས།

        དཔྱིད་གསར་དུས་ཆེན་གྱི་སྔོན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་རྟོག་ཞིབ་ཏུ་ཕེབས་ནས་ཏང་གི་ཆབ་སྲིད་འཛུགས་སྐྲུན་ཤུགས་སྣོན་བྱ་དགོས་པའི་ཐད་ལ་བླང་བྱ་གལ་ཆེན་བཏོན་ནས་ང་ཚོས་ཕྱོགས་ཡོངས་ནས་ནན་གྱིས་ཏང་སྐྱོང་བ་གཏིང་ཟབ་ཏུ་ཕྱིན་པར་ཁ་ཕྱོགས་གསལ་སྟོན་གནང་བ་རེད། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོའི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དག་གིས་ངེས་པར་དུ་ནན་ཏན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དོན་འཁྱོལ་བྱས་ཏེ། དོན་དངོས་དང་མཐུན་པར་“འདུ་ཤེས་བཞི”མཐོར་འདེགས་དང་བློ་བརྟན་འགྱུར་མེད་ཀྱིས་བློ་མཐུན་ཞི་ཅིན་ཕིང་གི་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་འགོ་ཁྲིད་ལ་འགན་སྲུང་བྱ་དགོས་པ་དང་། ཏང་གི་ཆབ་སྲིད་འཛུགས་སྐྲུན་དེ་ཨང་དང་པོར་བཞག་ནས་དུས་དང་རྣམ་པ་ཀུན་དུ་ཁྱོན་ཡོངས་ནས་ནན་གྱིས་ཏང་སྐྱོང་བ་གཏིང་ཟབ་ཏུ་ཕྱིན་པར་ལྷོད་གཡེང་བྱ་མི་རུང་བ་དང་རྒྱུན་ཆད་མེད་པར་སྤྱོད་གཙང་དྲང་ཕྱོགས་ཀྱི་ཆབ་སྲིད་སྐྱེ་ཁམས་ལེགས་པོ་སྲ་བརྟན་དང་འཛུགས་སྐྲུན་བྱ་དགོས། 
        དར་ཆ་གསལ་བསྒྲེང་གིས་ཆབ་སྲིད་གླེང་བ་ནི་ང་ཚོའི་ཏང་མར་ཁི་སིའི་རིང་ལུགས་ཀྱི་སྲིད་ཏང་ཞིག་ཡིན་པའི་རྩ་བའི་བླང་བྱ་ཡིན་པ་རེད། འབུར་དུ་ཐོན་པའི་སྒོ་ནས་ཏང་གི་ཆབ་སྲིད་འཛུགས་སྐྲུན་དམ་འཛིན་བྱེད་པ་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཚུན་གྱི་ཁྱོན་ཡོངས་ནས་ནན་གྱིས་ཏང་སྐྱོང་བའི་ཉམས་མྱོང་གི་ཕྱོགས་བསྡོམས་ཡིན་པ་རེད།
        ཏང་གི་སྐབས་བཅུ་དགུ་པས་ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱི་སྤྱི་འདོམས་གོ་གནས་གསལ་བོར་བསྟན་ཞིང་དེ་ལས་ཏང་ནང་ཁུལ་དུ་གནས་པའི་གནད་དོན་གྱི་གཏིང་ཟབ་པའི་རྟོག་ཞིབ་དང་ཏང་གི་འཛུགས་སྐྲུན་ཆོས་ཉིད་ཀྱི་གཏིང་ཟབ་བའི་ངོས་འཛིན་མཚོན་ཞིང་དེ་ལ་འཐུས་ཚང་བའི་གཞུང་ལུགས་དང་ལག་ལེན་གྱི་གཞི་བརྟེན་ཡོད་པས་དངོས་ཡོད་ཀྱི་དོན་སྙིང་དང་ཕུགས་རིང་བའི་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན། 
        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་དུ་རྟོག་ཞིབ་གནང་སྐབས་ནན་གྱིས་བསྟན་པ་ནང་བཞིན་ཏང་གི་ཆབ་སྲིད་འཛུགས་སྐྲུན་ནི་ཏང་གི་རྩ་བའི་རང་བཞིན་གྱི་འཛུགས་སྐྲུན་ཡིན་པ་རེད། ཏང་གི་ཆབ་སྲིད་འཛུགས་སྐྲུན་དམ་འཛིན་བྱས་ཚེ་ཏང་འཛུགས་སྐྲུན་གྱི་རྩ་བ་དང་རྣམ་ཤེས་དམ་འཛིན་བྱས་པ་རེད། དེ་ལྟར་ན་ང་ཚོས་ད་གཟོད་འདུ་ཤེས་གཅིག་གྱུར་དང་གོམ་སྟབས་གཅིག་གྱུར་བྱེད་ཐུབ་པ་དང་། 
        ད་གཟོད་ལངས་ཕྱོགས་སྲ་བརྟན་དང་ལམ་ཕྱོགས་ཡང་དག ད་གཟོད་སྟོབས་ཤུགས་གཅིག་སྡུད་ཀྱིས་ཐུན་མོང་གི་ལས་དོན་ལ་འབད་པ་བྱེད་ཐུབ། 
        ཉེ་བའི་ལོ་ཤས་རིང་རང་ཞིང་གི་ལས་དོན་ཁག་ལ་གྲུབ་འབྲས་མངོན་གསལ་ཐོབ་པ་ནི་ཞིང་ཨུས་དར་ཆ་གསལ་བསྒྲེང་གིས་ཆབ་སྲིད་གླེང་བ་དང་རྒྱུན་ཆད་མེད་པར་འགོ་ཁྲིད་ཚན་ཆུང་གི་བསམ་བློའི་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན། རྒྱུན་མཐུད་ངང་ཁྱོན་ཡོངས་ནས་ནན་གྱིས་ཏང་སྐྱོང་བར་སྐུལ་འདེད་བཏང་བ་དང་ཁ་བྲལ་ཐུབ་མེད་པ་ཡིན། 
        དུས་རབས་གསར་པར་རྐང་ཚུགས་ནས་རྒྱང་སྐྱོད་གསར་པར་འགོ་བརྩམས་པར་ངེས་པར་དུ་གཏིང་ཟབ་བའི་སྒོ་ནས་“སྣང་ཆུང་བྱེད་མི་རུང་བ་གསུམ”གྱི་གནས་བབ་ལ་བརྡར་ཤ་བཅད་པ་དེ་རང་ཞིང་དུ་སྔར་བཞིན་ནུས་པ་ཉམས་པ་དང་། ཏང་གི་འཛུགས་སྐྲུན་ཐད་སྔར་བཞིན་ཆད་ལྷག་དང་ཞན་སྐྱོན་མཆིས་པར་ངོས་འཛིན་བྱ་དགོས། དེར་བརྟེན། ས་གནས་སོ་སོའི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དག་གིས་ངེས་པར་དུ་དུས་དང་རྣམ་པ་ཀུན་ཏུ་རིག་པ་གསལ་བོ་བྱས་ཏེ་དོན་དངོས་དང་མཐུན་པར་ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་འོས་འགན་ཕྲག་ཏུ་ཁུར་ནས་ནམ་ཡང་ལམ་དུ་ཡོད་པའི་ཆོད་སེམས་ཀྱིས་ཁྱོན་ཡོངས་ནས་ནན་གྱིས་ཏང་སྐྱོང་བ་འཕེལ་རྒྱས་གཏིང་ཟབ་ཕྱིན་པར་སྐུལ་འདེད་གཏང་དགོས། 
        ཏང་གི་ཆབ་སྲིད་འཛུགས་སྐྲུན་ཨང་དང་པོར་འཇོག་པར་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པར་སློབ་གསོ་སྣེ་ཁྲིད་བྱས་ཏེ། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ཆབ་སྲིད་འཛུགས་སྐྲུན་གྱི་ཐོག་མའི་འོས་འགན་དུ་རྒྱུན་འཁྱོངས་བྱ་དགོས་པར་མ་ཟད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་དེ་མངོན་གསལ་ཡིན་པའི་ཆབ་སྲིད་ཀྱི་ཚད་གཞི་དང་རྩ་བའི་ཆབ་སྲིད་ཀྱི་བླང་བྱར་འགན་སྲུང་བྱས་ནས་ཁྱོན་ཡོངས་ནས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་དུ་བཏང་ནས་རང་རྟོག་གིས་རྩ་ཁྲིམས་བཅའ་ཁྲིམས་དང་ཏང་གི་སྒྲིག་སྲོལ་ལ་བརྩི་སྲུང་བྱེད་པ་དང་། ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་སྲོལ་ནན་གྱིས་སྲུང་ནས་བདེ་ཐང་གི་ཏང་ནང་ཁུལ་གྱི་ཆབ་སྲིད་རིག་གནས་གསོ་སྐྱོང་བྱེད་པ། ཤུགས་ཆེན་པོས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་ཀྱི་ནུས་པ་མཐོར་འདེགས་སུ་གཏང་དགོས། 
        བློ་བརྟན་འགྱུར་མེད་ཀྱིས་“འདུ་ཤེས་བཞི”བསམ་བློའི་རང་རྟོག་དང་ཏང་གཤིས་ཀྱི་འདུ་ཤེས། སྒྲིག་ཁྲིམས་བླང་བྱ། དངོས་ཡོད་བྱ་སྤྱོད་ལ་བསྒྱུར་བཀོད་བྱས་ཏེ་ཏང་ཀྲུང་དབྱང་གི་བཏོན་པའི་བླང་བྱར་བློ་བརྟན་འགྱུར་མེད་ཀྱིས་དང་ལེན་བྱེད་པ་དང་ཏང་ཀྲུང་དབྱང་གི་ཐག་གཅོད་བློ་བརྟན་འགྱུར་མེད་ཀྱིས་བསྒྲུབ་པ། ཏང་ཀྲུང་དབྱང་གི་བཀག་འགོག་བྱས་པ་བློ་བརྟན་འགྱུར་མེད་ཀྱིས་གཏན་འགོག་བྱས་ནས་དུས་དང་རྣམ་པ་ཀུན་ཏུ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་བགྲོད་ལམ་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོན་པོའི་གཅིག་མཐུན་དང་བསམ་སྤྱོད་གཅིག་གྱུར། ཁ་ཞེ་གཉིས་མེད་ཀྱིས་དུས་དང་གནས་ཚུལ་གང་ཡང་རུང་ཏང་གི་སྐད་ཆར་ཉན་པ་དང་ཏང་གི་རྗེས་སུ་འབྲང་དགོས། 
        སྲིད་ཇུས་ཀྱི་ཕུགས་ཡུན་རིང་བ་དང་བཅོས་སྐྱོང་རྒྱུན་རྣམ་དུ་བསྒྱུར་དགོས། ང་ཚོས་མུ་མཐུད་དུ་གཏིང་ཟབ་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་ཏེ་ནན་གྱིས་དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་ལག་བསྟར་དང་། བརྩོན་པ་ལྷོད་མེད་ཀྱིས་ཏང་གི་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ་བསམ་བློས་ཏང་འཛུགས་སྐྲུན་དང་སྒྲིག་ཁྲིམས་ཀྱིས་ཏང་སྟོབས་ལྡན་དུ་བསྒྱུར་བ། ལམ་ལུགས་ཀྱིས་ཏང་སྐྱོང་བ་བཅས་མཉམ་དུ་འཕེལ་བར་བརྩོན་དགོས་པར་མ་ཟད། དོན་དངོས་དང་མཐུན་པར་ཁྱོན་ཡོངས་ནས་ནན་གྱིས་ཏང་སྐྱོང་བའི་མ་ལག་རང་བཞིན་དང་གསར་གཏོད་རང་བཞིན། ནུས་ཆོད་རང་བཞིན་བཅས་གོང་འཕེལ་དུ་བཏང་ནས་སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་བརྟན་བརླིང་གི་ཆབ་སྲིད་འགན་སྲུང་མཁོ་འདོན་བྱ་དགོས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1