ཆད་ལྷག་མེད་པར་དོན་འཁྱོལ་ལག་བསྟར་བྱ་དགོས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-10



——གཏིང་ཟབ་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དོན་འཁྱོལ་བྱེད་པའི་དཔྱད་བརྗོད་བརྒྱད་པ། 
སི་ཁྲོན་ཉིན་རེའི་ཚགས་པར་ཁང་གི་དཔྱད་བརྗོད་པས།
        དཔྱིད་གསར་དུས་ཆེན་རྗེས་ཀྱི་ལས་འགོ་ཚུགས་པའི་ཉིན་དང་པོར་ཞིང་ཨུའི་ལྟེ་གནས་ཚན་ཆུང་གིས་ཆེད་དོན་སློབ་སྦྱོང་ཚོགས་འདུ་འཚོགས་ནས་མུ་མཐུད་དུ་གཏིང་ཟབ་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཡི་སི་ཁྲོན་གྱི་ལས་དོན་གྱི་མཛུབ་སྟོན་གལ་ཆེན་དག་རེ་རེ་བཞིན་ནན་གྱིས་ལག་བསྟར་བྱེད་པར་སྐུལ་འདེད་བཏང་། དེའི་སྔོན་ལ་ཞིང་ཨུའི་དུས་ཐོག་ཏུ་ཞིང་ཨུའི་རྒྱུན་ཨུ་ལྷན་ཚོགས་ཀྱི་གྲོས་ཚོགས་དང་ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཚོགས་ཆེན་འཚོགས་ནས་ཆེད་དོན་གྱི་ངོས་ནས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པར་མ་ཟད། ལག་བསྟར་དོན་འཁྱོལ་གྱི་བསམ་འཆར་ལ་ཞིབ་འཇུག་བྱས། ཞིང་ཨུས་ཚད་མཐོན་པོའི་མཐོང་ཆེན་དང་སྣེ་ཁྲིད་སློབ་སྦྱོང་། དཔེ་སྟོན་ནན་འཛིན། དོན་འཁྱོལ་ལག་བསྟར་བྱས་ཏེ། ཞིང་ཆེན་ཡོངས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་ལོ་ཡང་འཕྱུར། སློབ་སྦྱོང་དང་བསམ་བློ་ཟུང་འབྲེལ་དང་བསམ་སྤྱོད་ཟུང་འབྲེལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཆད་ལྷག་མེད་པར་དོན་འཁྱོལ་ལག་བསྟར་བྱེད་པར་བློ་བརྟན་འགྱུར་མེད་ཀྱིས་སྐུལ་འདེད་བཏང་ན་ད་གཟོད་རྒྱུན་ཆད་མེད་པར་རང་ཞིང་གི་ལས་དོན་ཁག་གི་འཕེལ་རྒྱས་ལ་རྣམ་པ་གསར་པ་གཏོད་ཐུབ། 
        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་ནི་སྤྱི་ཡོངས་གཅིག་འདོམས་དང་ཁ་ཕྱོགས་གསལ་སྟོན། བསམ་བློ་གཏིང་ཟབ་ཅིང་ནང་དོན་ཕུན་སུམ་ཚོགས་པ། བརྩེ་བ་ཟབ་ཅིང་བརྩེ་སེམས་ཀྱིས་ཕྱུག་པ། ཡར་སྐུལ་བརྩོན་སེམས་ཀྱི་ཁྱད་ཆོས་ལྡན་པས་ང་ཚོས་གནས་བབ་གསར་པའི་འོག་གི་སི་ཁྲོན་ལས་དོན་ལེགས་པོར་བསྒྲུབ་པར་རྩ་བའི་སྲུང་བྱ་དང་བྱ་སྤྱོད་ཁ་ཕྱོགས་འདོན་སྤྲོད་གནང་བ་རེད། ང་ཚོས་གཏིང་ཟབ་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དོན་འཁྱོལ་བྱེད་པ་དེ་ཆབ་སྲིད་ཀྱི་འོས་འགན་གལ་ཆེན་དུ་ངོས་འཛིན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཡི་སྐུལ་མའི་ཇུས་ཐབས་དེ་གོམ་གང་མདུན་སྤོས་ཀྱི་ལས་དོན་ལེགས་པོར་བསྒྲུབ་པའི་སྟོབས་ལྡན་སྒུལ་ཤུགས་སུ་བཟུང་ནས་བསམ་བློ་རྒྱུན་འཁྱོངས་དང་སྡུག་འབྱུང་འདུ་ཤེས་མཐོར་འདེགས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བཅས་བྱས་ཏེ་སྔར་ལས་བརྩོན་སེམས་ཆེན་པོའི་འདུ་ཤེས་ཀྱིས་ཀྲུང་དབྱང་དང་ཞིང་ཨུའི་ཐབས་ཇུས་བཀོལ་སྒྲིག་གལ་ཆེན་དག་དོན་དངོས་དང་མཐུན་པར་ལག་བསྟར་བྱས་ཏེ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པར་བརྩོན་དགོས། 
        བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཆད་ལྷག་མེད་པར་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བར་འགོ་ཁྲིད་ཀྱིས་སྣེ་ཁྲིད་རྒྱུན་འཁྱོངས་བྱས་ཏེ་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་འགོ་ཁྲིད་ལས་བྱེད་པ་གཙོ་བོའི་“གནད་འགག་གྲངས་ཉུང”འདི་ལེགས་པོར་དམ་འཛིན་བྱ་དགོས་པར་མ་ཟད། མུ་མཐུད་དུ་བསླབ་ནས་ཤེས་པ་དང་ཤེས་ནས་ངེས་པ། དངོས་གཉེར་དོན་མཐུན་གྱི་ཐད་ལ་ཤུགས་སྣོན་བྱ་དགོས། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པ་དག་གིས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་ཐོག་མར་སློབ་པ་དང་བསླབ་ནས་གཏིང་ཇེ་ཟབ་ཏུ་ཕྱིན་པར་འབད་ནས་དོན་དངོས་དང་མཐུན་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱི་སློབ་སྦྱོང་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ། ཏང་གི་སྐབས་བཅུ་དགུ་པའི་དགོངས་དོན་བཅས་ཟུང་འབྲེལ་བྱ་དགོས་པར་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སི་ཁྲོན་ལས་དོན་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་ཟུང་འབྲེལ་བྱས་ཏེ་མཐུན་སྦྱོར་གཞི་མཐུན་དང་བསམ་བློར་དྲག་ཆས་སྤྲས་དགོས། སྣེ་ཁྲིད་དེ་དོན་འཁྱོལ་ལག་བསྟར་ལ་དམ་འཛིན་བྱས་ནས་བསམ་སྤྱོད་གཅིག་མཐུན་དང་བསླབ་པ་དོན་གཉེར་རྒྱུན་འཁྱོངས་བྱ་དགོས་པར་མ་ཟད། དོན་དངོས་དང་མཐུན་པའི་ལས་གཉེར་དང་གདོང་ལེན་མདུན་སྐྱོད། འོས་འགན་ལྕི་མོ་ཕྲག་ཏུ་ལེན་ཕོད་པའི་བློ་སྤོབས་རྒྱུན་འཁྱོངས་བྱས་ཏེ་དཀའ་སྡུག་གདོང་གིས་བསུ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དོན་འཁྱོལ་བྱེད་པ་དེ་རང་ཞིང་གི་བཅོས་སྒྱུར་འཕེལ་རྒྱས་ཀྱི་བྱེ་བྲག་གི་བྱ་སྤྱོད་ལ་བསྒྱུར་བཀོད་དང་མགྱོགས་མྱུར་སྒོས་མཛེས་སྡུག་འབྱོར་ཕྱུག་ལྡན་པའི་འཆམ་མཐུན་སི་ཁྲོན་འཛུགས་སྐྲུན་བྱེད་པའི་གྲུབ་འབྲས་གསར་པར་བསྒྱུར་བཀོད་བྱ་དགོས། 
        དོན་འཁྱོལ་དམ་འཛིན་བྱེད་པ་ནི་བྱ་སྤྱོད་དང་ལག་བསྟར་རིགས་ཤིག་ཡིན་པས་གཙོ་བོ་ནི་དམིགས་འབེན་ངེས་གཏན་དང་ཁ་ཕྱོགས་འཚོལ་ཞིབ། གཙོ་གནད་དམ་འཛིན། བསམ་བློ་གསལ་སྟོན་ཡིན་དགོས་ཤིང་ལས་དོན་ཁག་རིམ་བཞིན་དོན་འཁྱོལ་བྱ་དགོས། དོན་དངོས་དང་མཐུན་པར་ལག་བསྟར་བྱེད་པ་ནི་“དངོས་”ལས་མངོན་དགོས་ཤིང་གྲུབ་འབྲས་རྫུན་མ་དང་གཏམ་བཤད་རྫུན་མ་དང་རིང་དུ་གྱེས་དགོས། ཞིང་ཆེན་ཡོངས་ཀྱིས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སི་ཁྲོན་གྱི་ཐུགས་ཁུར་དེ་གཏན་དུ་བརྗེད་མི་རུང་བར་མ་ཟད་དུས་དང་རྣམ་པ་ཀུན་ཏུ་བཀའ་དྲིན་ཚོར་དགོས། གཏིང་ཟབ་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཡིས་སི་ཁྲོན་གྱི་ལས་དོན་ཐད་ལ་བཏོན་པའི་སྤྱིའི་བླང་བྱ་དང་“ཤུགས་སྣོན་ལྔ”ཡི་གཙོ་གནད་འོས་འགན་ལ་སློབ་སྤྱོང་དོན་འཁྱོལ་བྱས་ཏེ་བློ་བརྟན་འགྱུར་མེད་ཀྱིས་དེ་ཉིད་གནས་བབ་གསར་པའི་འོག་གི་སི་ཁྲོན་ལས་དོན་གྱི་སྤྱིའི་སྲུང་བྱར་བཟུང་ནས་གོམ་གང་མདུན་སྤོས་ཀྱིས་སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་གྱི་ལས་དོན་གྱི་རྣམ་པ་འཐུས་ཚང་དུ་གཏང་དགོས། གཙོ་གནད་ལ་དབྱེ་ཞིབ་གསལ་པོ་དང་ལས་དོན་གྱི་བྱེད་ཕྱོགས་ཇེ་ཞིབ་ཏུ་བཏང་ནས་དུས་དང་རྣམ་པ་ཀུན་ཏུ་ཡང་དག་པའི་ཁ་ཕྱོགས་ལ་བསྙེགས་ནས་མདུན་དུ་བསྐྱོད་དགོས། 
        སྲིད་སྐྱོང་བའི་གནད་འགག་ནི་དོན་འཁྱོལ་གྱི་སྟེང་ན་ཡོད། ཞིང་ཆེན་ཡོངས་ཀྱིས་མཉམ་དུ་འབད་པ་བྱས་ཏེ། “སྤྱོད་གཙང་སེམས་ནི་རྣམ་པར་དག”ཅེས་པའི་ལྷག་སེམས་དང“སྡུག་ལ་འཕྲད་ཀྱང་དཔའ་མི་ཞུམ”ཞེས་པའི་སྤོབས་པ་ལྡན་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཁག་ཆད་ལྷག་མེད་པར་སི་ཁྲོན་དུ་དོན་འཁྱོལ་བྱས་ནས་སི་ཁྲོན་དར་སྤེལ་དང་བཅོས་སྐྱོང་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་འབད་པ་བྱ་དགོས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1