༄༅།། ཁྱོ་གས་གཉེན་སྒྲིག་ཡི་གེ་འདི་ལྟར་མེར་བསྲེགས་ན་ཆོག་གམ།

རམས་ཚེ་བྷོ། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 04-16


    གྱོད་དཔེ། 
    ང་རང་ནི་གཡུ་དཀར་སྡེ་བའི་བུད་མེད་ཅིག་ཡིན་ལ། ཉིན་འགའི་སྔོན་ལ་ང་དང་ཁྱོ་ག་གཉིས་བཟའ་འཁོན་བྱུང་། ཁྱོ་གས་སྤོ་ཐོག་ནས་ངེད་གཉིས་ཀྱི་གཉེན་སྒྲིག་ཡི་གེ་མེར་བསྲེགས་པ་མ་ཟད། ང་དང་བཟའ་འཐོར་བྱེད་རྒྱུའི་སེམས་ཐག་བཅད་པས་བྱིས་པ་དང་ངེད་གཉིས་ཕྱིར་ཡུལ་ལ་མི་འགྲོ་ཀ་མེད་བྱུང་། དེ་ལས་ཀྱང་བཤད་མི་ཤེས་པ་ཞིག་ནི། ཁ་སང་ངེད་གཉིས་ཀྱིས་ཞང་མི་དམས་སྲིད་གཞུང་ནས་བཟའ་འཐོར་ཡི་གེ་ལེན་སྐབས་གཉེན་སྒྲིག་ཐོ་འགོད་ཀྱི་ཚགས་ཡིག་ཁྲོད། ངེད་གཉིས་ཀྱིས་སྔོན་ཆད་བླངས་པའི་གཉེན་སྒྲིག་ཡི་གེའི་ཡིག་ཆ་གཅིག་ཀྱང་མི་སྣང་བས་ངེད་གཉིས་འདི་ལྟར་ཤེས་མེད་ཚོར་མེད་ངང་བཟའ་འཐོར་བྱས་ན་ཆོག་གམ།
    ཁྲིམས་བཤད།
    ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི《གཉེན་སྒྲིག་བཅའ་ཁྲིམས》ལས་དངོས་སུ་ཐག་བཅད་པ་འདི་ལྟར། ཁྱོ་ཤུག་སུ་ཡིན་ཡང་གནས་ཚུལ་ག་འདྲའི་འོག་ཏུ་གཉེན་སྒྲིག་ཡི་གེ་དང་བཟའ་འཐོར་ཡི་གེ་གང་དགར་དུ་བོར་གཏོར་བྱེད་པ་དང་མེར་བསྲེགས་པ། ཡང་ན་གཉེན་སྒྲིག་ཐོ་འགོད་སྡེ་ཁག་ཏུ་སོང་ནས་ཐོ་འགོད་ཡིག་ཚགས་བཟོ་བཅོས་དང་བཅོས་བསྒྱུར་བྱེད་མི་རུང་ལ། གལ་ཏེ་མི་སུ་ཞིག་གོང་གི་གཏན་ཁེལ་དང་འགལ་ཚེ་རྒྱལ་ཁབ་ཀྱི་ཉེས་དོན་བཅའ་ཁྲིམས་ཀྱི་གཏན་ཁེལ་ལྟར་ཁྲིམས་ཐག་བཅད་ཆོག གཞན་ཁྱོད་གཉིས་བཟའ་འཐོར་བྱེད་སྐབས་ཆ་རྐྱེན་གསུམ་ཚང་དགོས་ཏེ། གཅིག ཁྱོད་དང་ཁྱོ་ཤུག་བར་གྱི་བརྩེ་དུངས་དངོས་གནས་རྩ་བ་ནས་ཆད་པ་དང་། གཉིས། ཁྱོད་གཉིས་ཀྱི་སྤྱི་ལ་དབང་བའི་རྒྱུ་ནོར་གྱི་བགོ་བཤའ་རྩོད་གླེང་མེད་པར་བཟོ་བ། གསུམ། བྱིས་པ་སྙོར་སྐྱོང་ཐད་རྩོད་གླེང་མེད་པ་བཅས་ཡིན་ན་མི་དམངས་ཁྲིམས་ཁང་གི་གཏུག་བཤེར་མ་བརྒྱུད་ཀྱང་རང་འཐད་ཀྱིས་འབྲེལ་ཡོད་སྡེ་ཁག་ལ་སོང་ནས་བཟའ་འཐོར་ཡི་གེ་བླངས་ཆོག ཡིན་ཡང་ཁྱོད་ཀྱིས་བཤད་པ་ལྟར་སྐྱེས་པས་བཟའ་འཐོར་ཡི་གེ་ལེན་དུས་ཁྱོད་འཐད་མིན་གྱི་ཕྱོགས་ལ་བློ་ཅི་ཡང་མ་དྲིས་པ་དང་རྒྱུ་ནོར་བགོ་བཤའ་དང་བྱིས་པ་སྙོར་སྐྱོང་གི་ཐད་ལའང་གྲོས་གཞི་ཅི་ཡང་བཏོན་མེད་པས། ཁོས་ལྐོག་ནས་བཟའ་འཐོར་ཡི་གེ་བླངས་པ་ནི་ཁྲིམས་འགལ་ཡིན་པ་དང་། གལ་ཏེ་ཁྱོད་ཁོ་དང་བཟའ་འཐོར་བྱེད་འདོད་ཚེ་མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་བྱོས་དང་མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་བཟའ་འཐོར་གྱི་འགྲོ་ལུགས་བསྒྲུབ་ངེས།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1