ཨོ་སི་ཐྲ་ལི་ཡའི་ལུས་རྩལ་པས་གཞོན་ནུའི་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ཐོག་མ་བླངས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-20


           སྤྱི་ཚེས་17ཉིན་གྱི་སྔ་དྲོ། སྐབས་གཉིས་པའི་དབྱར་དུས་གཞོན་ནུའི་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་ཐེངས་གཅིག་ལ་རྣམ་གྲངས་གསུམ་ཡིན་པའི་འགྲན་བསྡུར་དེ་ནན་ཅིང་ཞོན་ཝུའུ་མཚེའུའི་འགྲམ་དུ་གཉེར་བ་དང་། ཨོ་སི་ཐྲ་ལི་ཡའི་ལུས་རྩལ་པ་པུ་ལི་ཐ་ཉི་ཏ་ཏུན་གྱིས་སྐར་མ་59དང་སྐར་ཆ་56གི་གྲུབ་འབྲས་ཐོག་ནས་བུད་མེད་ཀྱི་ཐག་གཅོད་འགྲན་བསྡུར་ཨང་དང་པོ་བླངས་པ་དང་། དེ་ནི་སྐབས་འདིའི་གཞོན་ནུའི་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ཐོག་མ་དེ་ཡིན།
           རྒྱལ་སྤྱིའི་ཨོ་ལིན་ཕིག་ལུས་རྩལ་ཨུ་ལྷན་ཁང་གི་ཀྲུའུ་ཞི་པ་ཧེ་སོགས་ནས་འགྲན་བསྡུར་གཟིགས་གནང་བ་མ་ཟད། ལུས་རྩལ་པར་དགའ་བསུ་ཞུས་ནས་སེམས་ཤུགས་འཕེལ་བར་བྱས་ཡོད། འགྲན་བསྡུར་བྱེད་པའི་ནང་། ཧྥི་ལི་ཕིན་གྱི་ལུས་རྩལ་པ་ཞིག་རྗེས་སུ་ལུས་པ་དང་རྒྱང་ཐག་སྔར་བས་རིང་དུ་ཆོད་ཡོད། འོན་ཀྱང་ཨོ་ལིན་ཕིག་ཨུ་ཡོན་ལྷན་ཁང་གི་དཔོན་རིགས་ཚུད་པའི་ལྟད་མོ་བ་ཚོས་ཁོང་མོར་འགྲན་བསྡུར་མཇུག་མ་འགྲིལ་བར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་ཡོད 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1