ཛམ་ཐང་རྫོང་གིས་ཆུ་རགས་རྩིག་ནས་མི་སེར་གྱི་འཚོ་བ་ལ་ཕན་བདེ་བསྐྲུན།

རྩོམ་སྒྲིག་པ།ཡོང་ཁུངས།རྔ་བ་བརྙན་འཕྲིན་ཁང་། སྤེལ་དུས། 04-19


        ཉེ་སྔོན། ད་ལོའི་ཆར་ཞོད་དྲག་པོ་འབབ་པའི་དུས་ཚིགས་དང་དུས་ཚོད་ཅུང་ཙམ་ལྷག་པའི་སྐབས་གླགས་དང་བསྟུན་ནས། ཛམ་ཐང་རྫོང་རྐ་མདའ་ཡུལ་ཚོ་ལྡ་རི་སྡེ་བས་ནུས་ཤུགས་ཆེན་པོས་ཆུ་ལོག་སྔོན་འགོག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། འདམ་རྡོ་གཙང་སེལ་དང་ཆུ་རགས་བཟོ་སྐྲུན་ལག་བསྟར་བྱས་ནས། ཆུ་ལོག་སྔོན་འགོག་དང་ཆུ་འདྲེན་ཆ་རྐྱེན་ལེགས་བསྒྱུར་བཏང་སྟེ། ཁ་ཡོད་དངོས་ཡོད་ཀྱི་ལག་ལེན་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་དོན་ཐོག་ཏུ་བཏབ་ཞིང་། མི་སེར་གྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱས། 
        ཆར་ཞོད་དྲག་པོའི་དུས་ཚིགས་བསླེབས་འོང་བའི་སྐབས་སུ་ལྡ་རི་སྡེ་བའི་ཀྲི་པུའུ་ཧྲུའུ་ཅུ་གཞོན་པ་ཟོན་ཐར་ནི་སེམས་ཁྲལ་ལྕི་མོ་ཞིག་གི་ཁུར་གྱིས་མནན་འདུག ཁོས་ཆུ་འགྲམ་གྱི་ས་ཞིང་ཆུ་ལོག་གིས་གཤེགས་འགྲོ་བ་དང་། ལྡ་རི་སྡེ་བའི་མི་སེར་དག་གི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ཆུ་ལོག་གིས་གནོད་འཚེ་ཐེབས་པར་སེམས་འཚུབ་ཆེན་པོ་སྐྱེས་བཞིན་འདུག 
        ཛམ་ཐང་རྫོང་རྐ་མདའ་ཡུལ་ཚོ་ལྡ་རི་སྡེ་བའི་ཀྲི་པུའུ་ཧྲུའུ་ཅུ་གཞོན་པ་ཟོན་ཐར་གྱིས་བཤད་རྒྱུར། སྔོན་ཆད་འདི་དག་ཐམས་ཅད་ཞིང་ས་རེད། ཆུ་བྲུག་རྗེས་ཚང་མ་ཆུས་ཁུར་སོང་བ་རེད། ས་མུའུ་བཅུ་ཕྲག་ལྷག་ཁུར་སོང་ཟེར། 
        2018ལོར། ས་གནས་ཏང་ཨུ་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གི་བླ་མེད་ཐུགས་ཁུར་འོག  ཆུ་རགས་རྩིག་པའི་བཟོ་སྐྲུན་དངོས་སུ་འགོ་བརྩམས་པ་རེད། ཐེངས་འདིའི་བཟོ་སྐྲུན་རྣམ་གྲངས་ལ་གྲམ་གཞུང་གི་འདམ་རྡོ་གཙང་སེལ་དང་འགྲམ་རགས་རྩིག་པ་གཉིས་འདུས་ཡོད་ཅིང་། སྤྱིའི་རིང་ཚད་ལ་སྨི་300ལྷག་ཡོད། མིག་སྔར། བཟོ་སྐྲུན་ལས་ཀ་གོ་རིམ་ལྡན་པའི་ངང་ནས་སྤེལ་བཞིན་འདུག བཟོ་སྐྲུན་འདིས་ནི་ཆུ་ལོག་སྔོན་འགོག་གི་ཚད་རིམ་མཐོར་འདེགས་དང་། ཆུ་ལོག་གི་གནོད་འཚེ་མེད་པར་བཟོས་ནས་ཆུ་འགྲམ་གྱི་ཞིང་ས་དང་ལྡ་རི་སྡེ་བར་ཕན་ནུས་ལྡན་པའི་སྲུང་སྐྱོབ་ཐོབ་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1