རྔ་བ་རྫོང་གིས་འོས་འགན་སློབ་གསོར་ལྟ་སྐུལ་བྱ་བ་བསྒྲུབ།

རྩོམ་སྒྲིག་པ།ཡོང་ཁུངས།རྔ་བ་རྫོང་བརྙན་འཕྲིན་ཁང་། སྤེལ་དུས། 04-20


        རྔ་བ་རྫོང་གི་འོས་འགན་སློབ་གསོ་སྙོམ་སྒྲིག་གོང་སྤེལ་ལས་དོན་བཀོད་སྒྲིག་བྱ་བའི་ཚོགས་འདུའི་དགོངས་དོན་ལག་ལེན་མཐར་འཁྱོལ་དང་། རྫོང་ཁོངས་ཀྱི་འོས་འགན་སློབ་གསོ་སྙོམ་སྒྲིག་གོང་སྤེལ་གྱི་ལས་དོན་མགྱོགས་མྱུར་གྱིས་སྐུལ་འདེད་བཏང་སྟེ། ཁུལ་རིམ་པ་དང་ཞིང་ཆེན་རིམ་པའི་དཔྱད་ལེན་དང་རྒྱལ་ཁབ་ཀྱི་ངོས་འཛིན་བདེ་བླག་ངང་ཐོབ་པར་བྱས་ནས། རྫོང་ཁོངས་ཀྱི་འོས་འགན་སློབ་གསོའི་སྙོམས་སྒྲིག་གི་དམིགས་འབེན་མངོན་འགྱུར་འབྱུང་ཆེད། ཉིན་འགའི་རིང་ལ། རྔ་བ་རྫོང་གི་འོས་འགན་སློབ་གསོའི་སྙོམ་སྒྲིག་གོང་སྤེལ་གྱི་ལྟ་སྐུལ་སློབ་སྟོན་ཚན་ཆུང་སྐོར་དང་བཅས་པ་རྫོང་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་དུ་སོང་ནས། རྫོང་ཁོངས་ཀྱི་འོས་འགན་སློབ་གསོའི་སྙོམ་སྒྲིག་གོང་སྤེལ་གྱི་བྱ་བར་ལྟ་སྐུལ་སློབ་སྟོན་སྐབས་དང་པོ་སྤེལ། 
        ལྟ་སྐུལ་སློབ་སྟོན་ཚན་ཆུང་གིས་སྙན་ཞུ་ལ་ཉན་པ་དང་། ལྟ་ཞིབ་བྱེད་པ། ཞིབ་དཔྱད་བྱ་བ། འདྲི་བ་དང་རྩིས་རྒྱག་པ། གྲོས་བསྡུར་བྱེད་པ་བཅས་ཀྱི་ཐབས་ལམ་སྤྱད་དེ། རྫོང་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་གྲྭར་ཞུགས་མཚམས་མི་ཆད་པར་བྱས་ནས་འགན་སྲུང་བྱ་བའི་གནས་ཚུལ་དང་། ཉམས་ཆུང་བྱིས་པའི་སློབ་ཞུགས་སྒྲིག་སྲོལ། སློབ་རའི་མཐའ་འཁོར་གྱི་ཁོར་ཡུག བྱེད་ལས་ལྡན་པའི་ཁང་བའི་སྒྲིག་བཀོད། སློབ་ཁྲིད་སྒྲིག་ཆས་དོ་དམ་དང་བཀོལ་སྤྱོད་བྱ་བའི་གནས་ཚུལ། ཞིབ་བཤེར་རྒྱུ་ཆ་བཟོ་སྟངས། ཞིབ་དཔྱད་འཆར་གཞིའི་ཇུས་འགོད། སྤྱི་དམངས་ཀྱི་ཡིད་ཚིམ་ཚད། སློབ་གྲྭའི་བདེ་འཇགས་སོགས་ཀྱི་བྱ་བར་ལྟ་སྐུལ་སློབ་སྟོན་བྱས། 
        བསམ་འཆར་འདོན་སྤེལ་གྱི་ཚོགས་འདུའི་སྟེང་། ལྟ་སྐུལ་སློབ་སྟོན་ཚན་ཆུང་གིས་བསྟན་དོན། ལོ་བརྒྱའི་ཇུས་ཆེན། སློབ་གསོ་གཞི་རྩ་ཡིན་ཞིང་། སྙོམས་སྒྲིག་དམིགས་སུ་འཛིན་དགོས་པ་དང་།  ལོ་འདི་གའི་རིང་ལ་རང་རྫོང་གིས་མི་དམངས་མང་ཚོགས་ཀྱིས་སློབ་གསོར་རེ་བ་ཆེན་པོ་བཅིངས་པའི་བསམ་བློ་དེ་གཙོ་བོར་བཟུང་སྟེ། རང་འགུལ་གྱིས་སློབ་གསོར་བསམ་གཞིགས་གཏོང་བ་དང་། སློབ་གསོར་ཇུས་འགོད་དང་ཞིབ་འཇུག་བྱེད་པ། སྐུལ་འདེད་གཏོང་བ་བཅས་ཀྱིས་ནུས་ཤུགས་ཡོད་དགུས་སློབ་གྲྭ་རེ་རེ་བཞིན་བསྐྲུན་ཏེ།  བྱིས་པ་རེ་རེ་ལེགས་པོར་གསོ་སྐྱོང་བྱས་ནས། བྱིས་པ་ཡོད་ཚད་ཀྱིས་དྲང་ཞིང་སྤུས་ཀ་ལེགས་པའི་སློབ་གསོ་ལོངས་སུ་སྤྱད་དུ་བཅུག་ཡོད། རྗེས་ཕྱོགས་ཀྱི་ལས་ཀའི་ཁྲོད།  ང་ཚོས་ཏང་གི་སྐབས་བཅུ་དགུ་པའི་ཚོགས་འདུའི་དགོངས་དོན་མཛུབ་སྟོན་དུ་བྱས་ནས། ཐེངས་འདིའི་འོས་འགན་སློབ་གསོའི་སྙོམས་སྒྲིག་གོང་སྤེལ་གྱི་ལྟ་སྐུལ་སློབ་སྟོན་དེ་གོ་སྐབས་སུ་བཟུང་སྟེ། སློབ་གསོ་དམིགས་བཀར་གྱིས་གོང་སྤེལ་གཏོང་བའི་ཐབས་ཇུས་འགྱུར་མེད་ཀྱིས་རྒྱུན་འཁྱོངས་དང་།  སློབ་གྲྭའི་ནང་བཅུད་ཀྱི་འཕེལ་རྒྱས་མུ་མཐུད་དུ་སྐུལ་འདེད་དང་། སློབ་གསོའི་དེང་རབས་ཅན་གྱི་གོམ་སྟབས་ལ་མགྱོགས་མྱུར་གྱིས་སྐུལ་སྤེལ་བཅས་བྱས་ཏེ། ཧུར་བརྩོན་གྱིས་སྔར་ལས་ཆ་སྙོམས་ཤིང་སྤུས་ཀ་ལེགས་པ། དྲང་བདེན་ཡིན་པ་བཅས་ཀྱི་མི་དམངས་མང་ཚོགས་ཡིད་ཚིམ་པའི་སློབ་གསོ་བསྐྲུན་དགོས། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1