བོད་ལྗོངས་འཕྱོངས་རྒྱས་སུ་གནའ་རྫས་རྟོག་ཞིབ་བྱེད་སྐབས་རིག་དངོས་ཀྱི་གནས་གསར་པ་མང་པོ་ཞིག་རྙེད་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཤིན་ཧྭ་གསར་འགྱུར་ཁང་། སྤེལ་དུས། 04-23



              གསར་འགོད་པས་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་སུའོ་ནས་ཤེས་རྟོགས་བྱས་པར། བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་སུའོ་དང་། སི་ཁྲོན་སློབ་ཆེན་གནའ་རྫས་རྟོག་ཞིབ་ཚན་ཁག ལྷོ་ཁ་གྲོང་ཁྱེར་རིག་དངོས་ཅུས་བཅས་ལས་གྲུབ་པའི་གནའ་རྫས་རྟོག་ཞིབ་ལས་དོན་རུ་ཁག་གིས་བོད་ལྗོངས་ལྷོ་ཁའི་འཕྱོངས་རྒྱས་རྫོང་གི་ཆུ་བོ་རྒྱུག་ཁུལ་དུ་དུས་ཡུན་ལོ་གསུམ་རིང་གནའ་རྫས་རྟོག་ཞིབ་བྱེད་སྐབས་གྲངས་འབོར་མང་བའི་རིག་དངོས་ཀྱི་གནས་གསར་པ་མང་པོ་ཞིག་རྙེད་ནས་ཐོ་བཀོད་རིག་དངོས་གནས་ཀྱི་གྲངས་འབོར་གྱི་ཟིན་ཐོ་བཏོད་ཡོད་པ་རེད།
              བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་སུའོ་ཡི་གནའ་རྫས་རྟོག་ཞིབ་རིགས་གཅིག་མཁས་ཅན་ཁྲེན་ཙུའུ་ཅུན་གྱིས་གསར་འགོད་པར། 2015ལོ་ནས་2017ལོ་བར་གནའ་རྫས་རྟོག་ཞིབ་རུ་ཁག་གིས་འཕྱོངས་རྒྱས་རྫོང་དུ་གནའ་རྫས་རྟོག་ཞིབ་བྱེད་སྐབས་རིག་དངོས་ཀྱི་གནས་གསར་པ་ཁྱོན་51རྙེད་པ་དང་གསར་དུ་རྙེད་པའི་རིག་དངོས་རིགས་ཀྱི་ནང་གནའ་བོའི་རྗེས་ཤུལ་6དང་། གནའ་བོའི་དུར་ས་26 གནའ་བོའི་སྐྲུན་དངོས་3བྲག་ཕུག་དགོན་དང་རྡོ་བརྐོས་གནས་16བཅས་ཡོད་པ་རེད། རིག་གནས་ཡོངས་ཁྱབ་ཞིབ་བཤེར་ཐེངས་གསུམ་པ་བྱེད་སྐབས་འཕྱོངས་རྒྱས་རྫོང་གི་རིག་དངོས་ཀྱི་གནས་50ཐོ་བཀོད་བྱས་ཡོད་པ་དང་ད་ཐེངས་འཕྱོངས་རྒྱས་རྫོང་ནས་རྙེད་པའི་རིག་དངོས་ཀྱི་གནས་48ཟིན་པ་དེས་འཕར་གྲངས་བསྡུར་ཚད་ཀྱི་96%བཟུང་ཡོད་ཅེས་བརྗོད་བྱུང་།
              ཁྲེན་ཙུའུ་ཅུན་གྱིས“དེ་ཐོག་ནས་བོད་ཀྱི་ས་ཁོངས་ནང་གི་རིག་དངོས(ལྷག་པར་དུ་ཐང་སྟོང་དུ་ཁྱབ་པའི་རིག་དངོས)ཀྱི་གྲངས་འབོར་དེ་ང་ཚོས་དེ་སྔ་ཡོངས་ཁྱབ་ཞིབ་བཤེར་བྱས་ཏེ་ཐོ་བཀོད་བྱས་པའི་རིག་དངོས་ཀྱི་གནས་4277གྱི་གྲངས་འབོར་ལས་མང་བ་ཡོད”ཅེས་བརྗོད་བྱུང་།
              ཁྲེན་ཙུའུ་ཅུན་གྱིས་ད་ཐེངས་གནའ་རྫས་རྟོག་ཞིབ་ཐོག་ནས་ཆུ་བོ་རྒྱུག་ཁུལ་གཙོ་བོར་བཟུང་བའི་གནའ་རྫས་རྟོག་ཞིབ་ལས་དོན་སྤེལ་བ་དེས་ས་ཁོངས་ཀྱི་གནའ་རབས་རིག་གནས་ཤེས་རྟོགས་ཐུབ་རྒྱུར་ཉམས་མྱོང་ཕུན་སུམ་ཚོགས་པོ་མཁོ་འདོན་བྱས་པ་མ་ཟད། བོད་དུ་རྒྱལ་ཡོངས་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ཐེངས་གསུམ་པ་སྤེལ་མཇུག་འགྲིལ་རྗེས་དེ་བས་ལེགས་པའི་སྒོ་ནས་ས་ཁོངས་ཁག་གི་གནའ་རབས་རིག་གནས་བརྟག་དཔྱད་དང་ཤེས་རྟོགས་གཏིང་ཟབ་བྱ་རྒྱུར་ནུས་ལྡན་གྱི་དཔེ་སྟོན་བྱེད་ཐབས་མཁོ་འདོན་བྱས་ཡོད་ཅེས་བརྗོད་བྱུང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1