ཏེན་ཞའོ་ཕིང་དགུང་ལོ་110ལོན་པའི་འཁྲུངས་སྐར་གྱི་བཞུགས་མོལ་ཚོགས་འདུ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-20


 
          སྤྱི་ཟླ་8པའི་ཚེས་8ཉིན་གྱི་ཕྱི་དྲོ།  སི་ཁྲོན་ཞིང་ཆེན་གྱིས་ཏེན་ཞའོ་ཕིང་དགུང་ལོ་110ལོན་པའི་འཁྲུངས་སྐར་གྱི་བཞུགས་མོལ་ཚོགས་འདུ་དེ་ཀོང་ཨན་ནས་བསྡུས།    ཞིང་ཆེན་ཏེན་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་དངོས་སུ་བཞུགས་མོལ་ཚོགས་འདུར་ཞུགས་ནས་གཏམ་བཤད་སྤེལ་བ་དང་།  ཁྲེན་ཏུའུ་དམག་ཁུལ་གྱི་ཆབ་སྲིད་ཨུ་ཡོན་ཀྲུའུ་ཧྥུ་ཞི་ཚོགས་འདུར་དངོས་སུ་ཞུགས་ལ། ཞིང་ཆེན་ཏེན་ཨུའི་ཧྲུའུ་ཅི་གཞོན་པ་ཞིང་ཆེན་འགོ་འཛིན་ཝེ་ཧུང་ཚོགས་འདུ་ལ་འགོ་འཛིན་མཛད།

          བཞུགས་མོལ་ཚོགས་འདུའི་སྟེང་ནས། ཏེན་ཞའོ་ཕིང་གི་གཉེན་ཉེའི་ཚབ་བྱེད་པ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་སློབ་གསོ་དང་ཚན་རྩལ།  གཙང་སྦྲ་དང་ལུས་རྩལ་རིག་གནས་ཀྱི་འགོ་འཛིན་གཞོན་པ་ཏེན་ནན། ཀོང་ཨན་གྲོང་ཁྱེར་གྱི་ཧྲུའུ་ཅི་ཧོའུ་ཞའོ་ཁྲུང་། སི་ཁྲོན་སློབ་ཆེན་གྱི་འབུར་རམས་པའི་མཛུབ་སྟོན་སློབ་དཔོན་ཡིའུ་ཀྲི་ཧྲང་།   ཚན་རྩལ་གསར་གཏོད་མ་དངུལ་འབོར་ཆེན་སྤྱི་གཉེར་ཐུན་ཚོགས་ཀྱི་ཀྲུའུ་ཞི་ཧོ་ཅུན་མིང་།  ཀོང་ཨན་ཁུལ་གྱི་རོགས་རམ་བྱས་ནས་གསར་སྤེལ་དར་རྒྱས་གཏེན་པའི་གྲོང་སྡེ་ཚབ་མཚོན་རང་བཞིན་གྱི་སྡེ་བའི་ཏེན་ཨུའི་ཧྲུའུ་ཅི་ཏེན་ཀྲི་ཅུན་སོགས་ཀྱིས་རེ་རེ་བཞིན་གཏམ་བཤད་སྤེལ།

          ཁོ་ཚོས་ཕྱོགས་མི་འདྲ་བ་ནས་གཏིང་ཟབ་པའི་སྒོས་ཏེན་ཞའོ་ཕིང་གིས་ཏེན་དང་རྒྱལ་ཁབ་ཀྱི་ཆེད་དུ་གསར་བརྗེ་དང་། འཛུགས་བསྐྲུན།  བཅོས་བསྒྱུར།  དར་སྤེལ་གཏོང་བ་སོགས་གྲུབ་འབྲས་ཆེན་པོ་དག་རེ་རེ་བཞིན་སྐད་གསེང་མཐོན་པོས་བསྒྲགས་ཡོང་པ་དང་ཚིག་འབྲུ་རེ་རེ་དག་ཅིང་གསལ་ལ།  སྐད་ཆ་རེ་རེ་དེ་འདྲའི་གཟི་བརྗིད་དང་ཤུགས་ཆེན་ཡོད་པ་ལས་ཁོ་ཚོས་རླབས་ཆེན་གྱི་སྐྱེས་བུ་ཏེན་ཞའོ་ཕིང་ལ་ཡི་རངས་གོང་བཀུར་དང་ཁོ་ཚོས་སེམས་ཁོངས་རུས་པའི་སྟེང་ནས་དྲན་བཞིན་པ་ཚོར་ཐུབ། །





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1