གློག་རྡུལ་ཚོང་ལས་གྲོང་གསེབ་ཏུ་བསྐྱོད་པ།

རྩོམ་སྒྲིག་པ།ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 04-25


     བསོད་ནམ་སྒྲོལ་དཀར་གྱིས་ས་གནས་དེ་གའི་ན་གཞོན་གསར་གཏོད་པ་དང་མཉམ་དུ་ཞིང་འབྲོག་མི་མང་ཚོགས་ལ་ཚབ་ཉོ་ཚབ་ཚོང་བྱེད་པའི་ཞབས་ཞུ་མཁོ་འདོན་བྱེད་པ་སྟེ། ཁོང་ཚོས་དྲ་ཐོག་ནས་བེ་ཤ་དང་དབྱར་རྩྭ་དགུན་འབུ། ཤ་སྐམ་སོགས་ཁྱད་ཆོས་ལྡན་པའི་ཐོན་རྫས་བཙོང་བཞིན་ཡོད་པ་དང་། ཉེ་བའི་ལོ་འགའི་ནང་དུ། བོད་ལྗོངས་ཀོང་པོ་རྒྱ་མདའ་རྫོང་གིས་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་དང་ནགས་ཚལ་གྱི་ཐོན་ཁུངས་ལ་བརྟེན་ནས། གློག་རྡུལ་ཚོང་ལས་གྲོང་གསེབ་ཏུ་བསྐྱོད་པའི་ལས་དོན་ལ་འབད་པ་ཆེན་པོས་སྤེལ་ཞིང་། ད་ཆར་རྫོང་གློག་རྡུལ་ཚོང་ལས་སྤྱིའི་ཞབས་ཞུ་ལྟེ་གནས་དང་གྲོང་གསེབ་ཀྱི་ཞབས་ཞུ་ལྟེ་གནས་24བཙུགས་ཡོད་པ་དང་། མི་སྒེར་གྱི་དྲ་རྒྱའི་ཚོང་ཁང་100ལྷག་བཙུགས་ཡོད་ཅིང་། དེས་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་དུད་ཚང་། གློག་རྡུལ་ལས་དོན། གློག་རྡུལ་ཚོང་ར་བཅསམ་ལ་སྐུལ་འདེད་བྱས་ཡོད་པ་དང་། གློག་རྡུལ་ཚོང་ལས་ནི་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཀྱི་གསར་གཏོད་དང་ལས་ཞུགས། དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་བུ་གསར་པ་ཞིག་ལ་གྱུར་ཡོད་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1