ཞི་ཅིན་ཕིང་ནས་འབྲི་ཆུའི་དྭངས་གཙང་སྲུང་སྐྱོབ་བྱེད་དགོས་ཚུལ་གསུངས།

རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས། སྤེལ་དུས། 04-26


      ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས་25ཉིན་མུ་མཐུད་འབྲི་ཆུའི་འགྲམ་རྒྱུད་དུ་རྟོག་ཞིབ་དང་བརྟག་དཔྱད་ཞིབ་འཇུག་གནང་ཡོད་པ་རེད། ཁོང་གིས་འབྲི་ཆུའི་དཔལ་འབྱོར་རྒྱུད་གོང་འཕེལ་གཏོང་རྒྱུ་དེ་དོན་ཆེན་ནང་གི་འགངས་ཆེན་ཡིན་པས། གོམ་པ་རེ་རེ་བཞིན་བརྟན་པོ་སྤོ་དགོས་པ་མ་ཟད་ཚང་མས་འབྲི་ཆུའི་དྭངས་གཙང་ལ་སྲུང་སྐྱོབ་ཡག་པོ་བྱེད་དགོས་པའི་སྐུལ་མ་གནང་ཡོད་པ་རེད། 

      སྤྱི་ཚེས་25ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཅིན་ཀྲའུ་གྲུ་ཁ་ནས་གྲུ་གཟིངས་ལ་བཞུགས་ཏེ་འབྲི་ཆུའི་འགྲམ་རྒྱུད་དུ་རྟོག་ཞིབ་གནང་ཡོད་པ་རེད། འབྲི་ཆུའི་ཐོག་ཕར་འགྲོ་ཚུར་འོང་བྱེད་པའི་ཟོག་འདྲེན་གྲུ་གཟིངས་གཟིགས་སྐབས། ཁོང་གིས་ལས་དོན་མི་སྣའི་འགྲམ་ནས་ཆུ་ལམ་གྱི་ཆུ་འོག་བྲག་རྡོ་གཙང་སེལ་བྱས་ཡོད་མེད་དང་། གྲུ་གཟིངས་ཐོག་གི་འཚོ་བའི་ཆུ་གང་འདྲ་ཐག་གཅོད་བྱས་མིན་སོགས་ཀྱི་ཐད་མཁྱེན་རྟོགས་གནང་ཡོད་པ་རེད། ཞི་ཅིན་ཕིང་གིས་ད་དུང་འགྲེམས་པར་དང་ཟུང་འབྲེལ་བྱས་ཏེ། འབྲི་ཆུའི་ལམ་ཐིག་གཙོ་བོའི་ཆུ་ལམ་བཅོས་སྐྱོང་དང་ཅིན་ཅང་གཙང་པོའི་རགས་ཆེན་སྲུང་སྐྱོབ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་མ་ཟད། རྒྱལ་ཁབ་གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་དང་། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། ཆུ་བེད་པུའུ། ཧུའུ་པེ་ཞིང་ཆེན་བཅས་ཀྱི་འགན་འཁུར་བློ་མཐུན་གྱི་སྙན་ཞུར་གསན་ཡོད་པ་རེད། 

       ཞི་ཅིན་ཕིང་གིས་མིའི་རིགས་ནི་རང་བྱུང་དང་མཉམ་གནས་དང་མཉམ་འཚོ། འཐབ་རྩོད་བཅས་བྱེད་པའི་བརྒྱུད་རིམ་ཁྲོད་ཟམ་མི་ཆད་པར་ཡར་རྒྱས་འགྲོ་ཡི་ཡོད། འཆམ་མཐུན་ནི་མཉམ་ལས་དོ་སྙོམས་ཀྱི་མངོན་ཚུལ་ཡིན་ཡང་། འཆམ་མཐུན་ཡོང་བ་བྱེད་པར་འཐབ་རྩོད་མང་པོ་བྱེད་དགོས། མི་ནི་ཆུ་དང་ཁ་བྲལ་ཐབས་མེད་ཀྱང་། ཆུ་སྐྱོན་ནི་མིའི་རིགས་ཀྱི་སེམས་ཁྲལ་ཆེ་ཤོས་ཤིག་ཡིན། ཀྲུང་ཧྭ་མི་རིགས་ནི་རང་བྱུང་གནོད་འཚེ་དང་འཐབ་རྩོད་བྱེད་པའི་ཁྲོད་གོང་འཕེལ་ཕྱིན་པའི་རླབས་ཆེའི་མི་རིགས་ཤིག་ཡིན། ད་ཆ། ཆུ་སྐྱོན་ནི་སྔར་བཞིན་ང་ཚོར་འཕྲད་པའི་རང་བྱུང་གནོད་འཚེ་ཚབས་ཆེ་ཤོས་ཀྱི་གྲས་ཤིག་ཡིན། དེས་ན་ལོ་བརྒྱ་ཐམ་པ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ཁྲོད་གནོད་འགོག་གེགས་སེལ་གྱི་ཞན་ཆ་ག་རེ་ཡིན་པར་ཞིབ་འཇུག་ནན་ཏན་བྱས་ནས་འཐབ་ཇུས་བྱེད་ཐབས་འདོན་དགོས་ཞེས་གསུངས་ཡོད་པ་རེད། 

        ཚང་མའི་སྙན་ཞུར་གསན་རྗེས། ཞི་ཅིན་ཕིང་གིས་ད་དུང་། འབྲི་ཆུའི་དཔལ་འབྱོར་རྒྱུད་ནི་ཁེར་རྐྱང་གི་ཚན་པ་ཞིག་མ་ཡིན་པར། དེ་ནི་ཞིང་ལྗོངས་11དང་འབྲེལ་བ་ཡོད་པས། མིག་མངས་འགྲིག་སྐོར་གཅིག་གི་བསམ་བློ་འཛུགས་དགོས་པ་དང་། ཁྱོན་ཡོངས་ནས་མཐུན་སྦྱོར་རོགས་ལས་བྱེད་དགོས་ཞེས་ནན་སྟོན་གནང་ཡོད། ཁོང་གིས་ཆུ་མ་ཤོར་གོང་ལ་ཆུ་རགས་རྒྱག་དགོས་ཤིང་། ཆུ་རགས་རྒྱག་རྒྱུ་དེ་ནི་བསམ་བློའི་ངོས་འཛིན་ཡིན། ཐེངས་འདིའི་རྟོག་ཞིབ་ནི་བསམ་བློ་སྔར་བས་གཅིག་གྱུར་ཡོང་བ་བྱ་རྒྱུ་དང་ཆབས་ཅིག རིགས་དབྱེའི་མཛུད་ཁྲིད་བྱས་པ་ཞིག་ཡིན། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་གོང་འཕེལ་ནི་དོན་ཆེན་ནང་གི་འགངས་ཆེན་ཡིན་པས། སྲུང་སྐྱོབ་ཆེན་མོར་མཉམ་དུ་དམ་འཛིན་བྱེད་པ་དང་། གསར་སྤེལ་ཆེན་མོ་མི་བྱེད་པ། གོམ་པ་རེ་རེ་བཞིན་བརྟན་པོ་སྤོ་དགོས། ཐོག་མར་བཀག་རྒྱ་དེ་སྔོན་འགྲོར་རྩིས་ནས་གཏོང་དགོས། དེ་མིན་ན། གསར་སྤེལ་ཆེན་མོ་བཤད་མ་ཐག་ཚང་མས་ཚང་ཚང་ཤིག་ཤིག་ངང་གྲུ་ཁ་ཧབ་ཐོབ་དང་། བྱེ་རྡོ་སྔོག་འདོན། བཟོ་གྲྭ་འཛུགས་པ། བཙོག་ཆུ་འབུད་པ་སོགས་བྱེད་སྲིད་པས། སྐྱེ་ཁམས་ལ་གཏོར་སྐྱོན་བཏང་རྗེས་སླར་ཡང་བཅོས་སྐྱོང་བྱེད་པའི་འཁོར་རྒྱུན་ངན་པའི་ནང་ལྷུངས་སྲིད། དེར་བརྟེན། སྐྱེ་ཁམས་ཀྱི་བཀག་རྒྱའི་ཁུལ་དེ་བཟོས་ནས། ང་ཚོས་གསར་སྤེལ་འཛུགས་སྐྲུན་བྱེད་པ་དེ་ངེས་པར་དུ་སྦག་མེད་དང་རྒྱུན་མཐུད་ཡིན་པ་བྱེད་དགོས་ཞེས་གསུངས་ཡོད་པ་རེད། 
      ཉིན་དེའི་ཕྱི་དྲོར། ཞི་ཅིན་ཕིང་གྲུ་གཟིངས་ནང་བཞུགས་ནས་ཧྲི་ཧྲའུ་གྲུ་ཁར་ཕེབས་འབྱོར་བྱུང་བ་དང་། དེ་རྗེས། རླངས་འཁོར་ནང་བཞུགས་ནས་ཧུའུ་ནན་ཡོས་ཡང་ལ་ཕེབས་ཏེ། འབྲི་ཆུའི་འགྲམ་ངོགས་སུ་གནས་པའི་ཡོས་ཡང་གྲོང་ཁྱེར་ཅུན་ཧྲན་ཧྭ་ལུང་གྲུ་ཁར་རྟོག་ཞིབ་གནང་ཡོད། དེ་གར་ནི་དེ་སྔོན་ཁྲིམས་འགལ་ངང་བྱེ་རྡོ་སྔོག་འདོན་གྱི་གྲུ་ཁ་ཡིན་པ་དང་། ད་ཆ་བཅོས་སྒྲིག་བྱས་ནས་སླར་ཡང་སྔོ་ལྗང་ལྡན་པར་གྱུར་ཡོད་ཅིང་། གང་ས་གང་དུ་གསོན་ཤུགས་ཀྱིས་ཁེངས་ཡོད། ཞི་ཅིན་ཕིང་སྐོར་ཞིབ་ལྟ་ཞིབ་ཚད་ལེན་ས་ཚིགས་ཤིག་ཏུ་ཕེབས་ནས།  ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད་ཏུང་ཐིང་མཚེའུ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་གནས་ཚུལ་ལ་གཟིགས་ཡོད་པ་རེད། ཁོང་གིས་ཚང་མས་མུ་མཐུད་འབྲི་ཆུར་སྲུང་སྐྱོབ་དང་ཉམས་བཟོའི་ལས་དོན་ཡག་པོ་བསྒྲུབས་ནས་འབྲི་ཆུའི་དྭངས་གཙང་ལ་སྲུང་སྐྱོབ་ཡག་པོ་བྱེད་དགོས་པའི་སྐུལ་མ་གནང་ཡོད་པ་རེད།
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1