ཞི་ཅིན་ཕིང་གིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རིག་གནས་གླེང་བ།

རྩོམ་སྒྲིག་པ།ཡོང་ཁུངས། དཀར་མཛེས་བོད་སྐད་བརྙན་འཕྲིན་དྲ་བ། སྤེལ་དུས། 05-03


ཀྲུང་དབྱང་མི་རིགས་ལས་ཀའི་ཚོགས་འདུའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། 
གཅིག  གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གི་སྐོར། 
        སྐད་བརྡ་འཕྲོད་པ་ནི་མི་དང་མིའི་བར་དུ་འབྲེལ་འདྲིས་བྱེད་པའི་གལ་ཆེ་བའི་འགག་རྩ་ཞིག་ཡིན། སྐད་བརྡ་མ་འཕྲོད་ན་འབྲེལ་འདྲིས་བྱེད་ཐབས་བྲལ། འབྲེལ་འདྲིས་མ་བྱས་ན་ཕན་ཚུན་དུ་རྒྱུས་ལོན་བྱེད་ཐབས་བྲལ། དེ་བཞིན་ངོས་འཛིན་གཅིག་མཐུན་ཀྱང་ཡོང་ཐབས་མེད། མི་རིགས་ས་ཁུལ་གྱི་སྐད་གཉིས་སློབ་གསོ་སྐོར་གྱི་ཐད་ལ། གྲངས་ཉུང་མི་རིགས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་བྱེད་དགོས་ལ།མི་རིགས་ས་ཁུལ་ལ་འཚོ་བ་རོལ་བའི་རྒྱ་རིགས་མང་ཚོགས་དག་ལའང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་པར་སྐུལ་མ་གཏང་དགོས།  གྲངས་ཉུང་མི་རིགས་དག་གིས་རྒྱལ་ཁབ་སྤྱི་སྤྱོད་ཀྱི་སྐད་ཡིག་ཡག་པོ་སྦྱོང་དགོས། དེས་ལས་ཞུགས་བྱེད་པ་དང་དེང་རབས་ཚན་རིག་རིག་གནས་ཤེས་བྱ་དང་ལེན་བྱེད་པ།སྤྱི་ཚོགས་ཀྱི་ནང་དུ་ཚུད་པ་བཅས་ལ་ཕན་པ་ཆེན་པོ་ལྡན། མི་རིགས་ས་ཁུལ་ན་ལས་བྱེད་པ་བྱེད་པ་དང་།གྲངས་ཉུང་མི་རིགས་ལས་བྱེད་པས་རྒྱ་སྐད་ཡག་པོ་བཤད་ཤེས་དགོས།རྒྱ་རིགས་ལས་བྱེད་པ་དག་གིས་གྲངས་ཉུང་མི་རིགས་སྐད་ཡིག་སློབ་སྦྱོང་ཅི་ཐུབ་བྱེད་དགོས། འདི་ནི་བླང་བྱ་ཞིག་ལ་གཞིགས་ནས་བཏོན་པ་ཡིན། དེ་མིན་ན་ལས་བྱེད་པ་ཡག་པོ་བྱེད་མི་ཐུབ།སྐད་ཆ་ཡང་བརྡ་མ་འཕྲོད་ན་ལས་ཀ་ཅི་ལྟར་བསྒྲུབ།
གཉིས། གྲངས་ཉུང་མི་རིགས་རིག་གནས་ཀྱི་སྐོར། 
        གྲངས་ཉུང་མི་རིགས་རིག་གནས་ཀྱི་གཞི་ཁྱོན་ཅུང་ཆུང་ལ།  ཁྲོམ་ར་དཔལ་འབྱོར་གྱི་རྡུང་རྡེབ་ནུས་པ་འགོག་པ་ཅུང་ཞན།  དངོས་མིན་རིག་དངོས་རིག་གནས་ཤུལ་བཞག་མེད་པར་གྱུར་བ་ཚབས་ཆེན་འགྱུར་ཡོད། མེད་པར་འགྱུར་ཚར་རྗེས་སུ་གཞི་ནས་མཐོང་ཆེན་བྱེད་དགོས་པ་ཤེས་པ་ནི་མི་བཟང་བ་རེད། གྲངས་ཉུང་མི་རིགས་རིག་གནས་ནི་ང་ཚོ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་རིག་གནས་ཀྱི་རྒྱུ་ནོར་ཡིན་པ་ལས་མི་རིགས་གང་ཞིག་དང་ས་ཆ་གང་ཞིག་གི་སྒེར་གྱི་རིག་གནས་དེ་མིན། ང་ཚོས་རིག་གནས་སྣ་མང་ཅན་ལ་བརྩི་བཀུར་བྱེད་དགོས། སྔོན་ལ་ཀྲུང་གོ་རང་གི་རིག་གནས་སྣ་མང་ཅན་དེ་བདག་སྐྱོང་ཡག་པོ་བྱེད་དགོས། ཀྲུང་ཧྭ་རིག་གནས་ནི་མི་རིགས་རིག་གནས་དག་གཞི་གཅིག་ཏུ་བསྡུས་ནས་གྲུབ་པ་ཞིག་ཡིན། རྒྱའི་རིག་གནས་དེ་ཀྲུང་ཧྭ་རིག་གནས་ཡིན་པར་བྱས་ནས་གྲངས་ཉུང་མི་རིགས་ཀྱི་རིག་གནས་སྣང་མེད་བྱེད་པ་དང་། མི་རིགས་དེའི་རིག་གནས་དེ་ཀྲུང་ཧྭ་ཡི་རིག་གནས་སུ་མི་བགྲང་བ་དང་།ཀྲུང་ཧྭ་རིག་གནས་ལ་ངོས་འཛིན་གསལ་པོ་མེད་པ་དག་ནི་མི་འགྲིག་པ་ཡིན་པས་དེ་དག་གི་དཀའ་ངལ་ཁྱད་དུ་བསད་ཐུབ་པར་བྱ་དགོས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1