དབང་པོ་སྐྱོན་ཅན་གྱི་མི་རྣམས་འདྲ་མཉམ་སྒོས་སྤྱི་ཚོགས་ཀྱི་འཚོ་བའི་ཁྲོད་དུ་ཞུགས་ཐུབ་པར་སྔར་ལས་ལེགས་པོའི་ཆ་རྐྱེན་བསྐྲུན་དགོས།

མཁའ་འགྲོ་མཚོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-04


        ཟླ་བ་ལྔ་པའི་ཚེས་གསུམ་ཉིན།   ཞིང་ཆེན་སྲིད་གཞུང་གི་འགོ་འཛིན་གཞོན་པ་ཝང་དབྱི་ཧོང་གིས་ཁྲེང་ཏུའུ་གྲོང་ཁྱེར་གྱི་ཝུན་ཅང་ཆུས་དུ་དབང་པོ་སྐྱོན་ཅན་གྱི་ལས་ཀ་ལ་བརྟག་དཔྱད་ཞིབ་འཇུག་དང་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན།  ས་གནས་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་དབང་པོ་སྐྱོན་ཅན་གྱི་མི་རྣམས་འབྱོར་འབྲིང་དུ་བསྐྱོད་པའི་བརྒྱུད་རིམ་དང་དབང་པོ་སྐྱོན་ཅན་གྱི་མི་རྣམས་ཀྱི་ལས་དོན་འཕེལ་རྒྱས་གཏོང་བའི་གལ་ཆེན་རང་བཞིན་དང་དཀའ་ཚེགས་ཆེ་བའི་རང་བཞིན་ལ་ངོས་འཛིན་གང་ལེགས་གནང་སྟེ་སྐུལ་སྤེལ་བྱ་དགོས་པ་མ་ཟད།  ཕན་འབྲས་ཡོད་པའི་བྱེད་ཐབས་སྤྱད་དེ་དབང་པོ་སྐྱོན་ཅན་གྱི་མི་རྣམས་འདྲ་མཉམ་སྒོས་སྤྱི་ཚོགས་ཀྱི་འཚོ་བ་དང་ཁྱོན་ཡོངས་འབྱོར་འབྲིང་གི་གོམ་སྟབས་དང་མཉམ་དུ་བསྐྱོད་ཐུབ་པར་སྔར་ལས་ལེགས་པོའི་ཆ་རྐྱེན་བསྐྲུན་དགོས་ཞེས་བཤད། 
        ཝང་དབྱི་ཧོང་སྔ་རྗེས་སུ་ཁྲེང་ཏུའུ་ཝུན་ཅང་ཆུས་ཀུང་ཕིང་སྲང་ལམ་གྱི་དམངས་ཕན་འདུས་ཁུལ་དུ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་རྟེན་གཞི་དང་དབང་པོ་སྐྱོན་ཅན་གྱི་མི་དབྱང་ཁྲང་ཆིང་གི་ཁྱིམ་དང་།  དེ་མིན་བརྒྱད་གཅིག་ལུས་གསོའི་ལྟེ་གནས་སོགས་སུ་སོང་སྟེ།   གང་ལ་གང་མཚམས་ཀྱི་ཞབས་ཞུ་སྒྲུབ་ལུགས་དང་དབང་པོ་སྐྱོན་ཅན་གྱི་མི་རྣམས་ཀྱི་འཚོ་བ་དང་ལས་ཀ  དེ་མིན་དབང་པོ་སྐྱོན་ཅན་གྱི་མི་ལ་ལུས་གསོ་སྨན་བཅོས་བྱེད་ཚུལ་སོགས་ཀྱི་གནས་ཚུལ་སོ་སོར་དམིགས་ནས་བརྟག་དཔྱད་ཞིབ་འཇུག་བྱས་ཏེ།  ཝུན་ཅང་ཆུས་ཀྱི་དབང་པོ་སྐྱོན་ཅན་གྱི་ལས་ཀ་དང་བརྒྱད་གཅིག་ལུས་གསོའི་ལྟེ་གནས་འཕེལ་རྒྱས་འགྲོ་བའི་གནས་ཚུལ་བཅས་ཀྱི་སྙན་ཞུར་ཉན་འཇོག་གནང་རྗེས།   ཝང་དབྱི་ཧོང་གིས་རང་རེའི་ཞིང་ཆེན་གྱིས་དབང་པོ་སྐྱོན་ཅན་གྱི་ལས་ཀ་འགོ་བཙུགས་ཕྱི་བ་དང་རྨང་གཞི་ཞན་པ།   དཀའ་ཁག་ཆེ་བས།  དབང་པོ་སྐྱོན་ཅན་གྱི་མི་རྣམས་ཀྱིས་བདེ་སྐྱིད་ཀྱི་འཚོ་བར་རོལ་ཐུབ་པའི་བར་ལ་བར་ཐག་ཅུང་ཡོད་པས།  ང་ཚོས་མུ་མཐུད་དུ་ནུས་ཤུགས་བཏོན་ནས་ལས་དོན་སྒྲུབ་གང་ཐུབ་བྱ་དགོས་པ་རེད་ཅེས་བཤད། 
        ཝང་དབྱི་ཧུང་གིས་དབང་པོ་སྐྱོན་ཅན་གྱི་མི་རྣམས་ལ་གང་ལ་གང་མཚམས་ཀྱིས་ཞབས་ཞུ་སྒྲུབ་པ་ནི་རང་རེའི་ཞིང་ཆེན་གྱིས་བཅོས་སྒྱུར་གསར་གཏོད་ཀྱི་གྲུབ་འབྲས་ཆེན་པོ་ཞིག་ཡིན་ལ།  དབང་པོ་སྐྱོན་ཅན་གྱི་ལས་དོན་འཕེལ་རྒྱས་གཏོང་རོགས་བྱེད་པའི་ཐད་ལ་ཡང་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད་པ་རེད།   རིམ་པ་སོ་སོའི་དབང་པོ་སྐྱོན་ཅན་གྱི་མཉམ་འབྲེལ་ལྷན་ཚོགས་ཀྱིས་མུ་མཐུད་དུ་ལེགས་བཅོས་གཏིང་ཟབ་དང་དམིགས་འབེན་གནད་འཁེལ་བྱས་ཏེ།   མི་གཅིག་ལ་སྲིད་ཇུས་གཅིག་གཏན་འབེབས་བྱེད་པར་བརྟེན་ནས་ཡོང་སྒོ་འཕར་སྣོན་དང་དབུལ་སྐྱོར་འཆར་གཞི་འཐུས་ཚང་གང་ཐུབ་ཀྱིས་དབང་པོ་སྐྱོན་ཅན་གྱི་རོགས་སྐྱོར་ཞབས་ཞུ་ལས་ཀའི་དམིགས་འབེན་རང་བཞིན་དང་ཕན་འབྲས་རང་བཞིན།  དུས་ཐོག་རང་བཞིན་བཅས་སྔར་ལས་མཐོ་འདེགས་སུ་གཏོང་དགོས།  ལུས་གསོ་ནི་དབང་པོ་སྐྱོན་ཅན་གྱིས་ཁ་ཚ་དགོས་གཏུགས་ཀྱི་རེ་སྒུག་ཡིན་པས།  རིམ་པ་སོ་སོའི་དབང་པོ་སྐྱོན་ཅན་གྱི་མཉམ་འབྲེལ་ལྷན་ཚོགས་ཀྱིས་དབང་པོ་སྐྱོན་ཅན་གྱི་མི་ས་ཡ་ལྷག་ལུས་གསོ་བྱེད་པའི་འདུ་འགོད་ལག་བསྟར་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་གཏོང་བ་དང་དྲ་འབྲེལ་རྒྱས་པའི་དབང་པོ་སྐྱོན་ཅན་གྱི་མི་རྣམས་ལ་རིམ་པ་གསུམ་གྱི་ལུས་གསོའི་ཞབས་ཞུ་མ་ལག་ཆད་ལུས་མེད་པར་འཐུས་ཚང་བཏང་སྟེ།  སི་ཁྲོན་གྱི་དབང་པོ་སྐྱོན་ཅན་མི་རྣམས་ལ་རོགས་སྐྱོར་འཕྲུལ་ཆས་ལྟེ་གནས་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ། དབང་པོ་སྐྱོན་ཅན་གྱི་མི་རྣམས་ལ་སྔར་ལས་སྤུས་ལེགས་དང་ཕན་འབྲས་མཐོ་བའི་ལུས་གསོའི་ཞབས་ཞུ་འདོན་སྤྲོད་བྱ་དགོས་ཞེས་ནན་གྱིས་བསྟན་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1