“བོད་ཀྱི་ལག་ཤེས་པ”བྱམས་པ་བཀྲ་ཤིས་ཏེ། ནམ་མཁའ་དང་བར་ཐག་ཤིན་ཏུ་ཉེ་བའི་ས་མཐོར་ས་གཞི་དང་བར་ཐག་ཤིན་ཏུ་རིང་པའི་གཏེར་ཁ་འཚོལ་ཞིབ་གནང་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 05-07



          ལོ་ངོ་གཉིས་ཀྱི་ཡར་སྔོན་ལ། བོད་ལྗོངས་ས་གཤིས་རྩད་ཞིབ་ཅུས་ཀྱི་ས་གཤིས་རུ་ཆེན་དྲུག་པས་བོད་བྱང་ཐང་གི་ནུས་ཁུངས་དང་ཐོན་ཁུངས་ཀྱི་ས་གཤིས་རྟོག་ཞིབ་བྱེད་པའི་ལས་རིམ་ཁྲོད། དུས་ཡུན་ཟླ6རིང་རིང་ཚད་སྨི6000གི་ཨར་ལས་ཟིན་ཐོ་བརྒལ་བའི་རྨད་བྱུང་གྲུབ་འབྲས་ལོན་ལ། ཁྲོན་པའི་གཏིང་རིམ་ཐད་བོད་ཀྱི་ས་བབ་མཐོ་བའི་ས་ཁུལ་དུ་གསོར་འབིག་རྩད་ཞིབ་ཨར་ལས་ལ་སྨི2000གི་ལོ་རྒྱུས་ཟིན་ཐོ་བསྐྲུན་པ་དང་། བཟོ་ལས་རྩད་ཞིབ་པུའུ་ཡི་སྤྱི་གཉེར་གཞོན་པ། གསོར་འབིགས་མཐོ་རིམ་ལག་རྩལ་ལས་བཟོ་པ་བྱམས་པ་བཀྲ་ཤིས་ནི་རེབ་འདིའི་གསོར་འབིགས་རྩད་ཞིབ་ལས་འགན་གྱི་བརྒྱུད་རིམ་ཧྲིལ་པོར་ཞུགས་ཡོད་པ་རེད།
          གྲུབ་འབྲས་དེ་འདྲ་ཐོབ་པའི་སྐོར་གླེང་དུས། གཟུགས་གཞི་སྐམ་ལ་གདོང་མདོག་ཅུང་ནག་པའི་ཁམས་པའི་ཕོ་རྒོད་དེས་འཛུམ་དམུལ་དམུལ་ངང“དེང་ཆར་སྒྲིག་ཆས་ཡག་པོ་ཡོད། ཆ་རྐྱེན་ལེགས་སུ་ཕྱིན་ཡོད་ཅིང་། དེ་བཞིན་ལག་རྩལ་ཡང་ཇེ་ལེགས་སུ་ཕྱིན་ཡོད་པས་ན་ད་གཟོད་འདི་འདྲིའི་ཐོད་བརྒལ་རང་བཞིན་གྱི་གྲུབ་འབྲས་ལོན་ཐུབ་པར་གྱུར་པ་ཡིན་ལ། དོན་དག་འདི་འདི་དེ་སྔོན་ལ་དཔེར་བཞག་ན་བློ་ཡུལ་ལས་འདས་པ་ཞིག་རེད”ཅེས་བརྗོད་བྱུང་།
བྱམས་པ་བཀྲ་ཤིས་ཀྱིས་གསར་འགོད་པར་བྲག་རྡོའི་མ་དཔེ་ངོ་སྤྲོད་གནང་བཞིན་པ།
གསོར་འབིགས་རྩད་ཞིབ་ཐད་བེད་སྤྱོད་གནང་པའི་རྡོ་རྗེ་ཕ་ལམ་གྱི་གསོར་ལྕེ།
          ལས་ཀ་སྒྲུབ་པའི་ལོ་ངོ་ཉི་ཤུ་ལྷག་གི་རིང་། བྱམས་པ་བཀྲ་ཤིས་ཀྱིས་ཆ་སྙོམས་མཚོ་ངོས་ལས་ས་བབ་སྨི5000ལྷག་ཙམ་མཐོ་ཚད་ལ་བསྟུད་མར་སྨི་ཁྲི5ལྷག་ཙམ་ལ་གསོར་འབིགས་ཀྱིས་བརྐོས་པའི་ཟིན་ཐོ་བསྐྲུན་པ་དང་།  གསོར་འབིགས་ལས་བཟོ་བ་དཀྱུས་མ་ཞིག་ནས“སྐད་བརྟག་ངོས་འཛིན་པའི”ཆེད་མཁས་རྒན་པ་ཞིག་ཏུ་འཚར་ལོངས་བྱུང་པ་ཡིན་ལ། ལོ་མང་རིང་གི་ཉམས་མྱོང་ལ་བརྟེན་བྱམས་པ་བཀྲ་ཤིས་ཀྱིས་འཕྲུལ་འཁོར་གྱི་འཁོར་ཤུགས་སྒྲ་ལས་འགོག་ཤུགས་ཀྱི་ཆེ་ཆུང་རྟོགས་ཐུབ་པ་དང་།   ཁུང་ནང་གི་སྒྲ་ལས་ཁུང་ནང་གི་དམ་ཚད་བརྡར་ཤ་གཅོད་ཐུབ་པ་དང་། འཕྲུལ་འཁོར་གྱི་སྒྲ་ལས་འཕྲུལ་འཁོར་གྱི་ལས་ཀའི་རྣམ་པ་དང་ཆག་སྐྱོན་བརྡར་ཤ་གཅོད་ཐུབ་ཀྱི་ཡོད་ལ།  ཆེད་མཁས་ཞིག་ཡིན་པའི་ངོས་ནས། བྱམས་པ་བཀྲ་ཤིས་ལ་ནམ་རྒྱུན་རུ་མི་དག་གི“མྱུར་སྐྱོབ་ཁ་པར”ཡང་ཡང་འབྱོར་གྱི་ཡོད་ལ། རུ་གྲོགས་མའོ་ཞའོ་ཧྲིན་ནི་དེའི་ནང་གི་གཅིག་རེད།
          མའོ་ཞའོ་ཧྲིན་གྱི་མིག་ནང་དུ། བྱམས་པ་བཀྲ་ཤིས་ནི་ལག་རྩལ་ནང་བྱན་ཆུད་ཅིང་།  མཉམ་དུ་ལོངས་སྤྱོད་བྱེད་མཁས་པའི་ཆེད་མཁས་ཤིག་ཡིན་ལ།  ལག་རྩལ་གྱི་གནད་དོན་ཡོད་པ་ཤེས་དུས། མའོ་ཞའོ་ཧྲིན་གྱིས་རྒྱུན་དུ་བྱམས་པ་བཀྲ་ཤིས་དང་བསམ་ཕྱོགས་བརྗེ་རེས་གནང་གི་ཡོད་ལ། རྒྱུན་པར་ཁ་པར་ནང་གནད་དོན་ཞིབ་ཕྲ་གསལ་པོར་བྲིས་ནས་བྱམས་པ་བཀྲ་ཤིས་ལ་བློ་འདྲི་གནང་དུས་ཧ་ལམ་ཐག་གཅོད་ཀྱི་ཐབས་ལམ་རྙེད་ཐུབ་ཀྱི་ཡོད་དེ། “ཁོས་བཤད་ཚུལ་ལྟར་སྒྲུབ་པ་ཡིན་ན་ནོར་འཕྱུག་གང་ཡང་ཡོད་པ་མ་རེད”ཅེས་མའོ་ཞའོ་ཧྲིན་གྱིས་དེ་སྐད་བརྗོད་བྱུང་།
བྱམས་པ་བཀྲ་ཤིས་ཀྱིས་གསོར་སྒྲོམ་ཐོག་ལས་ཀ་བྱེད་བཞིན་པ།
          བོད་ལྗོངས་ཀྱི་ས་མཐོའི་དམིགས་བསལ་གྱི་ས་ཁམས་ཁོར་ཡུག་དང་གནམ་གཤིས་ཀྱི་དབང་གིས་ལས་ཀ་སྒྲུབ་པར་གནམ་གཤིས་གྲང་ངར་དང་འཕྲད་པ་ནི་གཡོལ་ཐབས་མེད་པ་ཞིག་རེད། འཁྱགས་པས་སྡོམ་པ་ནི་བྱམས་པ་བཀྲ་ཤིས་ཆེས་མགོ་ན་བའི་དོན་དག་ཅིག་ཡིན་ཏེ། གནམ་གཤིས་གྲང་ངར་ཆེ་བའི་དུས་ཚིགས་སུ། འབིགས་མགོ་འཁྱག་པོར་གཏོང་པ་དང་འབུག་ཁུང་འཇམ་པོར་གཏོང་བྱེད་ཀྱི་འདམ་འཁྱགས་པས་སྡོམ་པའི་གནས་ཚུལ་ལ་རྒྱུན་དུ་འཕྲད་སྲིད་ཅིང་། འདམ་འཁྱགས་པས་བསྡམས་ནས་འཁོར་རྒྱུག་བྱེད་མི་ཐུབ་པས་ལས་ཀ་ཡོངས་རྫོགས་མཚམས་འཇོག་དགོས་པར་གྱུར་སྲིད། འདམ་འཁྱགས་པས་སྡོམ་པ་སྔོན་འགོག་བྱེད་ཆེད། བྱམས་པ་བཀྲ་ཤིས་སོགས་ཀྱིས་འདམ་ནང་ལ་ཚྭ་ཁུ་གཏོར་གྱི་ཡོད་མོད།དེ་ལྟར་ནའང་སྐབས་འགར་གནམ་གཤིས་ཤིན་ཏུ་གྲང་ངར་ཆེ་བས་ཚྭ་ཁུ་གཏོར་ཡང་ནུས་པ་མི་ཐོན་པས། གདོད་མའི་མེ་ཁ་གསོ་བའི་བྱེད་ཐབས་སྤྱད་ནས་འདམ་དྲོན་པོ་བཟོ་གི་ཡོད་པ་རེད།
          དངོས་གནས་བཤད་ན་ཆེས་ལེགས་པའི་ཨར་ལས་དུས་ཚིགས་ནི་དྲོད་ཚད་ཅུང་མཐོ་བའི་དུས་ཚིགས་རེད་མོད། དེ་ལྟར་ནའང་གནད་དོན་གསར་པ་ཞིག་ཐོན་ཡོད་དེ། དྲོད་ཚད་ཅུང་མཐོ་བའི་དུས་ནི་བོད་ལྗོངས་ལ་ཆར་ཆུ་མོད་པའི་དུས་ཚིགས་དང་འཁེལ་ཡོད་པ་རེད། བྱམས་པ་བཀྲ་ཤིས་ཀྱི་བཤད་སྲོལ་ལྟར་ན། སྐྱེལ་འདྲེན་ཐེངས་རེར་རླངས་འཁོར་འདམ་ལ་ཟུག་ཁོ་ཐག་ཡིན་པ་དང་། 2004 ལོར།  ཨ་མདོའི་གཏེར་ཁུལ་དུ་ཆུ་ལོག་གི་དབང་གིས་ལམ་མ་རྙེད་པར་རླངས་འཁོར་ཆུ་ནང་དུ་ལྷུང་པ་དང་། བྱམས་པ་བཀྲ་ཤིས་དང་འཚོ་བའི་དངོས་ཟོག་རླངས་འཁོར་གང་པོ་ཏག་ཏག་ཞག་གཅིག་ལ་དེ་གར་ལུས་ནས་བསྡད་ཅིང་། ནམ་ལངས་དུས་འདྲུད་འཇུག་འཕྲུལ་འཁོར་གྱིས་སྤྱི་ལེ་སུམ་ཅུ་ཙམ་དུ་དབོར་པས་ད་གཟོད་རྟེན་གཞིར་འབྱོར་པ་དང་། འབྲས་ཉོས་པར་ཚང་མ་བྱེ་མ་ཆགས་ཡོད་དེ། ཐེངས་འགར་བཀྲུས་ཀྱང་དག་གཙང་ཞིག་བཀྲུ་ཐུབ་མེད། བྱམས་པ་བཀྲ་ཤིས་དང་རུ་གྲོགས་དག་གིས་འབྲས་བྱེ་མར་བསྟིམས་ནས་ཕོ་བ་འགྲངས་དགོས་བྱུང་། དེ་ལྟར་ནའང་བྱམས་པ་བཀྲ་ཤིས་ད་དུང་གད་མོ་དགོད་ཞོར་འདི་དག་ནི་ལྗང་མདོག་འབྲས་ལས་ཡག་པོ་རེད་ཅེས་ཟེར།་
          “ལྗང་མདོག་འབྲས”ནི་འབྱུང་ཁུངས་རྒྱུ་མཚན་ཡོད་པ་ཞིག་སྟེ། ཆུ་ཁུངས་བར་ཐག་གཏེར་ཁྲོན་དང་ཐག་ཉེ་བའི་དབང་གིས། གཏེར་ཁུལ་ནས་སྐོལ་བའི་ཆུ་ནི་སེར་པོ་ཡིན་པ་དང་འབྲས་བཙོས་པ་ནི་མདོག་ལྗང་ཁུ་རེད། དེ་དག་གི་རྐྱེན་གྱིས་ལོ་མང་པོར་གཏེར་འདུས་ཚད་ཅུང་མཐོ་བའི་ས་ཁུལ་དུ་ལས་ཀ་བྱེད་པའི་བྱམས་པ་བཀྲ་ཤིས་དང་རུ་གྲོགས་རྣམས་ཀྱི་ལུས་སྟེང་གི་ལྕགས་རིགས་ཚད་ལས་བརྒལ་ཡོད་པ་རེད། དེ་ལྟར་ནའང་སྐབས་འགར་འཐུང་ཆུ་གཙང་མའི་ཆུ་འགོ་དང་བར་ཐག་ཤིན་ཏུ་རིང་པོ་ཡོད་པས་འདི་ལྟ་བུའི་གསོལ་ཚིགས་མི་ཟ་ཐབས་མེད་རེད། ལོ་ན་བཞི་བཅུ་ལྷག་ཙམ་ལོན་པའི་བྱམས་པ་བཀྲ་ཤིས་ཀྱིས་ཚོན་བྱུག་པའི་རང་གི་སྐྲ་ལོ་ནག་པོར་མཛུབ་མོ་བཙུགས་ནས་བཤད་དོན། “དོམ་དམ་དུ་ངའི་སྐྲ་ལོ་ཕྱེད་ཀ་དཀར་པོ་གྱུར་ཚར”ཟེར།
བྱམས་པ་བཀྲ་ཤིས་ཀྱིས་ཕྱི་རོལ་ན་ལས་ཀ་བྱེད་བཞིན་པ།
          དེང་སྐབས། བྱམས་པ་བཀྲ་ཤིས་ཀྱིས་ལས་ཀ་སྒྲུབ་ཚད་མང་དྲགས་རྗེས་ངོ་གདོང་སྐྲངས་སྲིད་ལ། ལུས་ཧྲིལ་པོར་ས་མཐོའི་ནད་ཀྱིས་ཟིན་པའི་ཁོང་གིས2014 ལོ་ནས་བཟུང་ཨར་ལས་བྱ་ཡུལ་གྱི་མཛུབ་ཁྲིད་ལས་ཀ་གཉེར་གྱི་ཡོད་པ་མ་ཟད་དུས་ཡུན་རིང་བོར་བསགས་པའི་འཕྲུལ་ཆས་བཀོལ་སྤྱོད་ཀྱི་མན་ངག་ཉིང་བཅུད་དང་བྱེད་ཐབས་དག་དེབ་ཏུ་བཟོས་ནས་གཞན་ལ་བརྒྱུད་ཁྲིད་གནང་གི་ཡོད་པ་དང་། དེ་ལས་གཞན་སྔ་གཞུག་ཏུ་ལག་རྩལ་འཇོན་ཐང་ཅན་དང་ལས་སྒོའི་རྐང་འཛིན་པ20ཙམ་གསོ་སྐྱོང་གནང་པ་རེད། ཁོང་གིས་གསོ་སྐྱོང་གནང་པའི་གསོར་འབིགས་རྩད་ཞིབ་འཇོན་ཐང་ཅན་གིས་ད་ལྟ་སྔར་བཞིན་གཏེར་ཁུལ་ཁག་ཏུ་འབད་འབུངས་བྱེད་ཀྱི་ཡོད་ལ། ཁོང་ཚོ་ནི་བོད་ལྗོངས་ས་གཤིས་རྩད་ཞིབ་ཅུས་ས་གཤིས་རུ་ཆེན་དྲུག་པའི་གསར་བྱོན་དཔུང་ཁག་ཅིག་ཏུ་གྱུར་ཡོད་པ་རེད།
          མེས་རྒྱལ་གྱི་ཆེད་དུ་གཏེར་ཁུང་རྩད་ཞིབ་བྱས་ནས་ཉམས་མྱོང་མི་རབས་ཕྱི་མར་བཞག་ཡོད་དེ།  བྱམས་པ་བཀྲ་ཤིས་ཀྱིས་རང་གི་སྤྱོད་ལམ་དངོས་ཀྱིས་ས་གཤིས་རྩད་ཞིབ་ལས་རིགས་ཀྱི་ལས་འགན་ལག་བསྟར་གནང་ཡོད་ཅིང་། ལུས་ལ་གྱོན་པའི་ལས་གོས་ངུར་སེར་དེ་ནི་ནམ་མཁའ་གཡའ་དག་པའི་འོག་དམིགས་བསལ་ཡིད་དབང་འཕྲོག་པ་དང་།  གཟུགས་གཞི་རིང་ལ་སྐམ་པའི་ཁམས་པའི་ཕོ་རྒོད་དེ་ས་གཤིས་རྩད་ཞིབ་ཁྲོད་སྔར་ལས་གཟི་ཉམས་ཆེ་བ་ཞིག་རེད་དོ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1