༄༅།། གནས་ལོག་མའི་ཁེ་དབང་།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-07



གྱོད་དོན།
        ༡༩༩༡ལོར་ཅཱང་ཅི་ཅིག(མོ)གིས་གྲོང་ཚོ་ཁ་པའི་མཱ་མི་མིག་(ཕོ)དང་གཉེན་སྒྲིག་བྱས། དེའི་ཐེམ་ཐོ་ཡང་ལོ་དེར་གྲོང་ཚོ་ཁ་པར་བསྒྱུར། དེ་ནས་བཟུང་ཐེམ་ཁོངས་དང་འགན་འཁྲིའི་ས་ཞིང་ཡང་ཚོ་ཆུང་དེ་རུ་ཡོད་ཅིང་། ས་ཞིང་འགན་གཙང་བླངས་པའི་དུས་ཡུན་ནི་༢༠༢༨བར་དུ་ཡིན། 
        ༢༠༠༦ལོའི་ཟླ་༤པར། ཅཱང་ཅི་ཅིག་དང་མཱ་མི་མིག་གཉིས་བཟའ་འཐོར་གྲོས་མཐུན་བཞག དེའི་ཐེམ་ཐོ་ཕྱིར་བསྒྱུར་མེད་ལ་ས་ཞིང་འགན་གཙང་གི་གཉེར་སྐྱོང་དབང་ཆ་ཡང་རྩིས་འབུལ་བྱས་མེད། 
    ༢༠༡༠ལོར། ཅཱང་ཅི་ཅིག་གིས་གྲོང་ཚོ་ག་པའི་ཚོ་ཆུང་གཉིས་པའི་ཀྲུའུ་ཉི་ཉིག(ཕོ)དང་བསྐྱར་དུ་གཉེན་སྒྲིག་བྱས། འོན་ཀྱང་ཐེམ་ཐོ་གྲོང་ཚོ་ག་པའི་ཚོ་ཆུང་གཉིས་པར་བསྒྱུར་མེད།  
    ཅཱང་ཅི་ཅིག་གྲོང་ཚོ་ཀ་པ་ནས་ཁ་པར་མནའ་མ་སོང་ཞིང་། རྗེས་སོར་ཡང་གྲོང་ཚོ་ག་པར་མནའ་མ་ཕྱིན་པ་དེ་གྲོང་ཚོ་ཁ་པའི་ངོས་ནས་བཤད་ན“གནས་ལོག་གི་གནས་ལོག”ཏུ་གྱུར་ཡོད། ཅཱང་ཅི་ཅིག་གི་ཐེམ་ཐོ་ནི་གྲོང་ཚོ་ཁ་པར་སྤོ་སྒྱུར་བྱས་ཚུན་འགྱུར་ལྡོག་བྱུང་མེད། 
        ༢༠༡༧ལོའི་ཟླ་བ་དང་པོར། གྲོང་ཚོ་ཁ་པའི་ས་ཞིང་ཁག་གཅིག་གནམ་གཤིས་ས་ཚིགས་ཀྱིས་ཁྲིམས་ལྟར་གཞུང་བསྡུ་བྱས་སྟབས་གྲོང་ཚོ་དེར་གང་ལ་གང་འཚམ་གྱི་གུན་གསབ་མ་དངུལ་ཡང་ཐོབ་པ་རེད།  
          ༢༠༡༧ལོའིཟླ་བ་བརྒྱད་པར། གྲོང་ཚོ་ཁ་པས་གནམ་གཤིས་ས་ཚིགས་ཀྱི་ས་ཞིང་གཞུང་བསྡུའི་གུན་གསབ་མ་དངུལ་སྐོར་གྱི་ཡུལ་མིའི་ཚོགས་ཆེན་བསྐོང་སྟེ། གྲོང་སྲོལ་དམངས་ཆིངས་ཀྱི་རྣམ་པའི་ཐོག་ནས་ཅཱང་ཅི་ཅིག་བགོ་ཁོངས་སུ་མི་བཙུད་པའི་ཐག་གཅོད་བྱས། རྒྱུ་མཚན་ནི། ཅཱང་ཅི་ཅིག་ནི་བཟའ་བྲལ་བྱས་ཟིན་རྗེས་བསྐྱར་དུ་གཉེན་སྒྲིག་བྱས་ཡོད་རྐྱེན་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་འདི་པའི་ཁོངས་མི་མིན་པས་བགོ་བཤའ་མ་བརྒྱབ་པ་རེད།  
        དེར་བརྟེན་ཅཱང་ཅི་ཅིག་གིས་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བརྒྱབ་ནས་བབ་འོས་ཀྱི་ས་ཞིང་གུན་གསབ་གྲོན་དངུལ་དོན་འཁྱོལ་གནང་རེ་ཞུས་པ་རེད། 
        ཁྲིམས་ཁང་གིས་ངོས་འཛིན་བྱས་གསལ་འདི་ལྟར་ཏེ། ཅྰང་ཅི་ཅིག་གྲོང་ཚོ་ཁ་པར་མནའ་མ་འབྱོར་ཚུན་གྲོང་ཚོ་དེར་ཐེམ་ཐོ་ཡོད་ཅིང་ས་ཞིང་འགན་གཙང་གི་གཉེར་སྐྱོང་དབང་ཆ་རང་རྐྱ་འཕེར་བ་ཞིག་ཀྱང་ཡོད་པ་རེད། བར་སྐབས་ཤིག་ཏུ་ཁོ་མོ་ཁྱོ་ག་དང་བཟའ་བྲལ་བྱས་པ་མ་ཟད། གྲོང་ཚོ་གཞན་གྱི་ཀྲུའུ་ཉི་ཉིག་དང་བསྐྱར་དུ་གཉེན་སྒྲིག་བྱས་ཡོད་ཀྱང་། ཐེམ་ཐོ་དང་ས་ཞིང་འགན་གཙང་གི་གཉེར་སྐྱོང་དབང་ཆ་བཅས་གཞན་དུ་བསྒྱུར་མེད་པ་རེད། དེར་བརྟེན། དོ་བདག་གི་ཐེམ་ཁོངས་ཐོ་བཀོད་ཀྱི་དངོས་ཡོད་གནས་ཚུལ་དང་ས་ཞིང་འགན་གཙང་གི་གཉེར་སྐྱོང་དབང་ཆ། དེ་བཞིན་འཚོ་བ་འགན་སྲུང་གི་རྩོལ་ནུས་སོགས་ཁྱོན་ཡོངས་ཀྱི་རྒྱུ་རྐྱེན་ལ་གཞིཊ་ཏེ་ཁྲིམས་ཁང་གིས་ཅྰང་ཅི་ཅིག་ལ་གྲོང་ཚོ་ཁ་པའི་ས་ཞིང་གུན་གསབ་གྲོན་དངུལ་བགོ་བཤའ་འཐོབ་བའི་བབ་འོས་ཡོད་པའི་ཁྲུན་ཐག་བཅད་པ་རེད། 
        ཅཱང་ཅི་ཅིག་ལ་ས་ཞིང་གུན་གསབ་གྲོན་དངུལ་བགོ་བཤའ་འཐོབ་བའི་བབ་འོས་ཡོད་ཅེས་པ་ནི་ལྗང་ལོ་དང་ཞིང་ཐོག་དངོས་རྫས་ཀྱི་ཕྱོགས་བསྡུས་གུན་གསབ་གྲོན་དངུལ་འཐོབ་དགོས་ཞེས་པའི་ནང་དོན་མ་ཡིན་པ་སྨོས་ཅི་དགོས། དེ་དང་འཚམ་པའི་ཁེ་དབང་ཅན་ནི་གྲོང་གསེབ་ཀྱི་འགན་གཙང་གཉེར་སྐྱོང་ཐེམ་དུད་ཡིན་སྟབས་ཅྰང་ཅི་ཅིག་ལ་དེའི་ཐད་གཏུག་བཤེར་བྱེད་པོའི་ཐོབ་ཐང་ཡོད་པ་མ་རེད།།
(ལྷ་མོའི་ཁྲིམས་བཤད་ཅེས་པའི་སྤྱི་སྟེགས་ལས་བཤུས།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1